e-texts navigator
Collection
Volume
Page
Wylie

576b1 བོས་པའི་དུས་གཅིག་ན།བཅོམ་ལྡན་འདས་གརྒ་ར་དང་།ཆུ་སྲིན་བྱིས་པ་བསོད་ཀྱི་རི་དང་།སྨན་གྱི་ནགས་རི་དགས་རྒྱུ་བའི་གནས་ན་བཞུག་སོ།།དེ་ནས་བཅོམ་ལྡན་འདས་སྔ་དྲུ།
576b2 དུས་སུ་ཆོས་གོས་གྱོན་ལྷུང་བཟེད་ཐོགས་ཏེ།ཕན་ཀུ་ལའི་ཁྱིམ་བདག་གང་ན་ཡོད་པའི་གནས་དེར་གཤེགས་ཤིང་ཉེ་བར་གཤེགས་ཏེ།གདན་བཤམས་པ་ལ་བཞུག་སོ།།
576b3 དེ་ནས་ཡང་ཕ་ན་ཀུ་ལིའི་ཁྱིམ་བདག་དང་།མ་ན་ཀུ་ལའི་ཁྱིམ་བདག་མོས།བཅོམ་ལྡན་འདས་ག་ལ་བ་དེར་སོང་ཞིང་ཉེ་བར་སོང་ནས།བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ།
576b4 ཕྱོགས་གཅིག་ཏུ་འཁོད་དོ།།ཕྱོགས་གཅིག་ཏུ་འཁོད་ནས།།ཕན་ཀུ་ལའི་ཁྱིམ་བདག་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།གང་གི་ཚེ་བཙུན་པ་བཅོམ་ལྡན
576b5 འོདས།མ་ན་ཀུ་ལའི་ཁྱིམ་བདག་མ་བདག་ཁྱེའུ་ཡི་དུསུ་བུ་མོ་གཞོ་ནུ་མ་བླངས་ཏེ།མ་ན་ཀུ་ལའི་ཁྱིམ་བདག་མོ་ལས་ལོག་པར་གཡེམ་པའི་སེམས་མ་སྐྱེསོ།།ལུས་ཀྱི་སྐྱོན
576b6 གང་ཡང་མ་བྱུང་བ་ལས་བཙུན་པ་བཅོམ་ལྡན་འདས་མཐོང་བའི་ཆོས་འདི་ལ་ཕན་ཚུན་དུ་མཐོང་ངོ་།།སྐྱེ་བ་གཞན་དུ་ཕན་ཚུན་དུ་མཐོང་བར་བདག་འདོད་དོ།།མཾ་ན་ཀུ་ལའི་ཁྱིམ
576b7 བདག་མོས།།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།གང་གི་ཚེ་བཙུན་པ་བཅོམ་ལྡན་འདས་ཕ་ན་ཀུ་ལོའི་ཁྱིམ་བདག་གཞོ་ནུ་དུས་སུ་བདག་གཞོ་ནུ་མ་བླངསོ།།ཕ་ན་ཀུ་པའི




iiif viewer powered by OpenSeadragon

576a - 577a

Texts on this page

N353 - bslab pa lnga'i phan yon gyi mdo