| | e-texts navigator
|
433a1 མཆོག་གི་ཁ་དོག་དང་ལྡན་པའི་སྐྱེས་བུ་ཅ་ནོ།།དེ་ཡང་ལས་གཞན་མི་བྱེད་པར་བྲམ་ཟེའི་ལས་འབའ་ཞིག་སློབ་སོ།།དེ་ཡང་ཁྱེའུ་གཞོན་ནུའི་དུས་སུ་ཕ་དང་མ་གཉིས
433a2 ཀ་དུས་ལས་འདསོ།།དེ་ནས་དེའི་ལོངས་སྤྱོད་སྦྲེལ་བའི་བློན་པོས་ནོར་གྱི་ཡི་གེ་བླངས་ཏེ།གསེར་དང་དངུལ་དང་ནོར་བུ་དང་མུ་ཏིག་ལ་སོགས་པས་གང་བ་རྣམས་སྒོར་བཏོན་ཏེ་གཞོན
433a3 ནུ་འདི་རྣམས་མའི་ནོར་ཡིན་ནོ།།འདི་རྣམས་པའི་ནོར་ཡིནོ།།འདི་དག་ནི་མེས་པོ་དང་ཡང་མེས་ཀྱི་ནོར་ཡིནོ།།རིགས་བདུན་བརྒྱུད་ཀྱི་བར་ནོར་ཡིནོ་ཞེས་སྨྲསོ།།འདི་རྣམས་སོ་སོར
433a4 སྦྱང་བའི་ཕྱིར་སྨྲས་པ་ཡིན།།མཁས་པ་བློ་གྲོས་བཟང་པོས་བསམས་པ།འདིའི་ནོར་རྣམས་བཟུང་ནས་བདག་གི་ཕ་དང་མེས་པོ་ལ་སོགས་པས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ
433a5 ནོ་གསེར་སཽ་བ་ཅིག་ཀྱང་ཁྱེར་ནས་མ་སོང་གིས་བདག་ཉིད་ཀྱིས་ཁྱེར་ནས་འགྲོ་བར་རིག་པར་བྱའོ།།ཞེས་རྒྱལ་པོ་ལ་སྨྲས་ནས།གྲོང་ཁྱེར་དུ་རོལ་མོ་བསྒྲགས་ཏེ།སྐྱེ་བོ
433a6 ཐམས་ཅད་ལ་སྦྱིན་པར་བྱོན་ནས།དཀའ་ཐུབ་པའི་རབ་ཏུ་བྱུང་བ་ལ་རབ་ཏུ་བྱུང་།།འདི་ཡི་ཡང་དོན་གསལ་བར་བྱ་བའི་ཕྱིར་གནས་འདིར་བློ་གྲོས་བཟང་པོས་ག་ཏ་མོ་བྱསོ།།
433a7 དེ་ཡང་འདི་ཙམ་འབའ་ཞིག་མ་ཡིན་ཏེ།སངས་རྒྱས་ཀྱི་རྒྱུར་རྒྱུན་མི་འཆད་པར་གསུངས་ལ་སླར་ཡང་ཚིག་སུ་བཅད་པོས་བཅིངས་ཏེ་བཤད་ཀྱང་གོ་དཀའ་བས་དེ་དང་དེའི་བར་བར
iiif viewer powered by OpenSeadragon
432b - 433b