| | e-texts navigator
|
432b1 ཀྱི་གླེང་གཞིའི་དང་དོན་གྱི་སྡུག་པ་བརྗོད་དོ།།རིང་བའི་གླེང་གཞི་བར་པའི་གླེང་གཞི་དང་ཉེ་བའི་གླེང་གཞི་སྟེ།གླེང་གཞི་གསུམ་པོ་འདི་གཟིགས་ནས་བསྔགས་པ་གང་ཞིག་ཉན་པལླ།
432b2 དེ་ལ་དང་པོ་རེ་ཤིག་དེ་རྣམས་ཀྱི་གླེང་གཞི་ཡོངསུ་བཅད་པ་རྣམས་རིག་པར་བྱའོ།།མར་མེ་མཛད་ཀྱིས་ཞབས་ཀྱི་དྲུང་འདིར་སེམས་དཔའ་ཆེན་པོས་སྨོན་ལམ་བཏབ་བོ།།ཇི་སྲིད
432b3 ཐམས་ཅད་སྒྲོལ་གྱི་ལུས་སྤངས་པའི་བར་དང་དགའ་ལྡན་གྱི་གནསུ་འཁྲུངས་པའི་ཆོས་ཀྱི་གཏམ་གྱི་བར་གྱི་ལམ་ནི་རིང་པོའི་གླེང་གཞི་ཞེས་བྱའོ།།ཇི་སྲིད་དགའ་ལྡན་གྱི་གནས
432b4 ནས་འཕྲོས་ནས་བྱང་ཆུབ་ཀྱི་སྙིང་པོར་ཐམས་ཅད་མཁྱེན་པ་ཐོབ་ནས་ཆོས་ཀྱི་གཏམ་གྱི་བར་གྱི་གླེང་གཞི་བར་པ་ཞེས་བྱ་བའོ།།གང་དང་གང་དུ་ཞུགས་ནས།དེ་དང་དེ་ཐོབ་པ
432b5 རྣམས་ནི་ཉེ་བའི་གླེང་གཞི་ཞེས་བྱའོ།།དེ་ལ་འདིར་རིང་པོའི་གླེང་གཞི་ཞེས་བྱ་བ་ནི།འདི་ནས་བསྐལ་པ་གྲངས་མེད་པ་བཞི་དང་བསྒྲལ་པོ་འབུམ་ཕྲག་གཅིག་ལྷག་པ་ནས
432b6 མགོ་བརྣམས་ནུས་གྲོང་ཁྱེར་འཇིགས་མེད་ལྡན་ཞེས་བྱ་བ་བྱུང་།།དེར་ཡང་བྲམ་ཟེ་བློ་གྲོས་བཟང་པོ་ཞེས་བྱ་བ་གནསོ།།པ་དང་མ་གཉིས་ཀའང་རིགས་བཟང་བའི་མངལ་དུ
432b7 ཞུགས་ཏེ།རིགས་བདུན་རྒྱུད་ཀྱི་བར་དུ་གཞན་གྱིས་རྩོད་པ་དང་།སྨྲ་བ་དང་།སྨོད་པ་མེད་ཅིང་རྣམ་པར་དག་གོ།།གཟུགས་བཟང་བ་ལྟ་ན་སྡུག་པ་རབ་ཏུ་མཛེས་པ
iiif viewer powered by OpenSeadragon
432a - 433a