| | e-texts navigator
|
432a1 །སིམྦྷ་གླིང་པ་བྲམ་ཟེའི་རིགས་ལས་ལེགས་པར་རབ་ཏུ་བྱུང་ཞིང་།བསྙེན་པར་རྫོགས་པ་རྗེ་སྣོད་གསུམ་ལ་ཐུགས་ལེགས་པར་བྱུང་བའི་པཎྜིཏྟ་ཆེན་པ
432a2 ཨཱནྡནྟ་ཤྲཱིའི་ཞལ་སྔ་ནས།མང་དུ་ཐོས་པའི་ལོ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས།སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་སཽ།གཙུག་ལག
432a3 ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།སའི་སྟེང་དུ་ཉི་མ་དང་ཟླ་བ་ལྟ་བུར་གྱུར་ཅིག།།རྒྱ་གར་སྐད་དུ
432a4 ཛྙཱ་ཏ་ཀི་ན་དྷ་ནཾ།བོད་སྐད་དུ།སྐྱེས་པ་རབས་ཀྱི་གླེང་གཞི།འཕགས་པ་དཀོན་མཆོག་གསུམ་ལྟ་གུས་པར་ཕྱག་འཚལོ།།བཅོམ་ལྡན་འདས་རྒྱལ་བྱེད་ཚུལ་མགོན
432a5 མེད་ཟས་སྦྱིན་གྱི་ཀུན་དགའ་ར་བན་བཞུགས་པའི་ཚེ།གནས་བརྟན་ཆེན་པོ་དོན་མཐོང་བཅོམ་ལྡན་འདས་ཀྱི་ཐད་དུ་སྟོང་ནས།ཕྱག་བྱས་ཏེ་བསྐོར་བ་བྱས་ཕྱོགས་གཅིག་ཏུ
432a6 འཁོད་དོ།།བཅོམ་ལྡན་འདས་ཀྱི་ཐད་དུ་འདི་སྐད་གསོལ་ཏོ།།བཙུན་པ་བདག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་ཆོས་ཐོས་པར་འཚལོ།།བཀའ་སྩལ་པ།དོན
432a7 མཐོང་ཡིད་ལ་ཟུང་ཤིག་དང་།ངས་བཤད་པར་བྱའོ།།ཞེས་འབྱུང་ངོ་།།དེ་ཡང་འདིར་སྡུད་པར་བྱེད་པ་པོ་རབ་ཏུ་རྟོག་པའི་ཤེས་རབ་དང་ཞི་བའི་དགྲ་བཅོམ་པ་རྣམས་ཀྱི་སྐྱེ་རབས
iiif viewer powered by OpenSeadragon
431b - 432b