| | e-texts navigator
|
330b1 ཅད་ལན་ཅིག་ཟོས་པས་མི་བརྗེད་པར་ཟིན་པར་འགྱུརརོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་རྟག་ཏུ་དེ་ལ་དགོངས་པར་འགྱུར་རོ།།མིའི་ནང་ན་མཆོག་དང་ཕུལ་དུ་འགྱུརརོ།།གཙོ་བོར་འགྱུར་རོ།།ཚེ
330b2 འདི་ལ་ཟམ་པ་དང་གྲུ་ལ་སོགས་པ་བྱེད་དེ།སྐྱེ་བོ་མང་པོ་སྒྲོལ་བར་བྱེད་པ་ལ་དགའ་བ་ནི་སྐྱེ་བ་ཐམས་ཅད་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་ཕལ་མང་པོས་བཀུར་ཏེ་བསྔགསོ།།འགྲོ་ཞིང་འོང་བ་ལ
330b3 བསུ་བསྐྱལ་བར་འགྱུར།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དགའ་བོ་ཇི་ལྟར་ངས་མདོ་སྡེ་ཐམས་ཅད་ལས་རྒྱུ་དང་འབྲས་བུར་བ་ཤུདདོ།།སེམས་ཅན་རྣམས་འདོན་ནམ།ཀྱོག་གམ་རྗེསུ་སྤྱོད་ན།མི
330b4 ཁོམ་པོ་དང་།སྡུག་བསྔལ་ལས་གྲོལ་བར་འགྱུརརོ་ཞེས་གསུང་སོ།།གང་ལ་ལ་ཞིག་གིས་མདོ་སྡེ་འདི་ལ་སྐུར་པ་འདེབས་པ་ནི་ཚེ་འདི་ཉིད་ལ་ཡང་ལྕེ་རྩུ་བ་ནས་འཆད་པར་འགྱུརརོ།།དེ་ནས་དགའ་བོས
330b5 བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་མདོ་སྡེའི་མིང་ཅིར་གདགས།ཇི་ལྟར་བཟུང་བར་བགྱི།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དགའ་བོ་མདོ་སྡེ་འདི་ནི་དགེ
330b6 བ་དང་མི་དགེ་བའི་རྒྱུ་དང་འབྲས་བུ་ཞེས་ཀྱང་བྱ།བྱང་ཆུབ་སེམས་དཔའི་ལམ་དང་།སྤྱོད་པ་ཞེས་ཀྱང་བྱ་སྟེ།དེ་ལྟར་ཟུང་ཤིག་དེའི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་བཤད་ན་འཁོར་མང་པོའི་ནང་དུ་ལྷ་དང་།
330b7 མི་བརྒྱད་ཁྲི་སྙེད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམོས་བསྐྱེད།།བུད་མེད་བརྒྱད་སྟོང་སྙེད་ནི་མོའི་ལུས་ལས་ཕོར་གྱུར་ཏེ།།མི་དགེ་བའི་སེམས་ཅན་ཐམས་ཅད་ཀྱང་དགེ་བར་གྱུར་ཏོ།།དགེ་སྡིག་རྣམ་པར་དབྱེ་བའི་མདོ་རྫོག་སོ།།
iiif viewer powered by OpenSeadragon
330a - 331a