| | e-texts navigator
|
319b1 མངོན་པར་དགའ་བ་གང་ཡིན་པ་ད་ནི།སྐྱེ་བ་ཐམས་ཅད་དུ་བདག་སྤོབས་པ་གང་པོ་དང་ལྡན་པ་དང་།ཆོས་བསླབས་པ་ལ་ལན་ཅིག་ཐོས་པ་ཙམ་གྱིས་གོ་བར་འགྱུར་བ་དང་།སངས་རྒྱས་དང་བྱང
319b2 ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབ་ཅིང་།ཡོངསུ་བསྲུང་བ་དང་།རྟག་པར་མིའི་ནང་དུ་མཆོག་དམ་པ་གཙོ་བོ་བྱེད་པར་འགྱུར་རོ།།ཚེ་འདི་ལ་ཟམ་པ་དང་།གྲུ་གཟིངས་བཅས
319b3 ནས་སྐྱེ་བོ་མང་པོ་ཟློས་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི།སྐྱེ་བ་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་ཕུན་སུམ་ཚོགས་པ་དང་།སྐྱེ་བོ་མང་པོ་ཀུན་གྱིས་བཀུར་ཞིང་བསྔགས་པ་བརྗོད་ནས
319b4 མངོན་པར་དགའ་བ་དང་ཕན་ཚུན་འགྲོ་ཞིང་འོང་བའི་ཚེ་མང་པོ་ཀུན་གྱིས་བསྙེན་བཀུར་དང་རིམ་གྲོ་བྱེད་པར་འགྱུརརོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་ངས་ཇི་སྐད་དུ
319b5 མདོ་སྡེ་དེ་དང་དེ་དག་ཏུ་རྒྱུ་དང་འབྲས་བུ་བསྟན་ནས།སེམས་ཅན་མང་པོ་རྣམས་ཀླག་པ་དང་།ཁ་ཏོན་དུ་འཛིན་པ་དང་མངོན་པར་བསྒྲུབ་པར་བསྐུལ་བ་སྡུག་བསྔལ་གྱིས་བགེགས་ལས་ཡོངསུ
319b6 བཟླས་པ་དེ་བཞིན་དུ་འདིར་ཡང་དེ་ལྟར་བསྟན་པ་ཡིན་པས།གང་ལ་ལ་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྐུར་བ་འདེབས་པར་བྱེད་པ་དེ་ནི་ཚེ་འདི་ཉིད་ལ་ལྕེའི་དབང་པོ་ལྟུང
319b7 བར་འགྱུརརོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།ཅི་ལྟར་ཡོངསུ་གཟུང་བར
iiif viewer powered by OpenSeadragon
319a - 320a