e-texts navigator
Collection
Volume
Page
Wylie

118b1 དེ་དག་ཤིན་ཏུ་མིག་གིས་མིག་ཆུག་སུ་ལྟ་བ་ན།ཡིད་འཁྲུག་ཅིང་ཡིད་ཁྲོས་པས་སེམས་ཅན་དེ་དག་གནས་དེ་ནས་ཤི་འཕོ་བར་འགྱུ་རོ།།ཇི་སྟེ་སེམས་ཅན་འགའ་ཆེ་ཟད་ཅིང་ལས་ཟད་ལ
118b2 བསོད་ནམས་ཟད་པ་ཞིག་གནས་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་དང་སྐལ་བ་མཉམ་པར་འགྱུར་ལ།ད་དབང་པོ་རྣམས་ཡོངསུ་སྨིན་ཅིང་ནར་སོན་པའི་རྒྱས་ན་ཞེས་བྱ་བ་ནས།སྔོན
118b3 གྱི་ལུས་ཡང་དག་པར་རྗེསུ་དྲན་ནོ།།ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།།དེ་འདི་སྙམ་དུ་སེམས་ཏེ།འདོད་པའི་ཁམས་ན་གང་ལྷ་ཡིད་འཁྲུག་ཅེས་བྱ་བ་དེ་དག་གི་ནང་ནས་གང་དག
118b4 མིག་གིས་མིག་ཆུག་སུ་ཤིན་ཏུ་ལྟ་བ་དེ་དག་རྟག་པའོ།།བརྟན་པའོ།།ཐེར་ཟུག་པའོ།།མི་འགྱུར་བའི་ཆོས་ཅན་ནོ་སྙམ་མོ།།ཡང་བདག་ཅིག་ནི་ཤིན་ཏུ་མིག་གིས་མིག་ཆུག་སུ་སྟེ
118b5 བ་དང་ལྡན་པས།བདག་ཅག་ནི་མི་རྟག་པའོ།།མི་བརྟན་པའོ།།ཡིད་བརྟན་དུ་མི་རུང་བའོ།།རྣམ་པར་འགྱུར་བའི་ཆོས་ཅན་ནོ།།སྙམ་མོ།།དེ་ལྟར་ན་ཁ་ཅིག་ནི་རྟག་ལ
118b6 ཁ་ཅིག་ནི་མི་རྟག་པ་སྟེ།ཇི་ལ་རྟེན་ཅིང་ཅི་ལ་གནས་ནས།ཛྭ་ལ་གནས་བཅྡོཾས་ཏེ།སྔོན་གྱི་མཐའ་ལ་རྟོག་ཅིང་།ཁ་ཅིག་ནི་རྟག་པ་པ་སྟྭཾ།བདག་དང་།འཇིག་རྟེན
118b7 ཁ་ཅིག་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་འདི་ནི་གཞི་གཞི་པའོ།།དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་།བདག་དང་།འཇིག




iiif viewer powered by OpenSeadragon

118a - 119a

Texts on this page

N339 - tshangs pa'i dra ba'i mdo