| | e-texts navigator
|
117b1 གནས་ནས།ཅི་ལ་རྟེན་བཅས་ཏེ།སྔོན་གྱི་མཐའ་ལ་རྟོག་ཅིང་།ཁ་ཅིག་ནི་རྟག་པ་པ་སྟེ།བདག་དང་།འཇིག་རྟེན་ཁ་ཅིག་ནི་རྟག་ཞྭ་དངོན་པར་སྨྲ་ཞི་བརྗོད་པ་འདི་ནི་གཞི་གཉིས་པའོ།།
117b2 གསུམ་པ་ནི་དགེ་སྦྱོང་དང་།བྲམ་ཟེ་ཤེས་ལྡན་ཁ་ཅིག་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས།ཅི་ལ་རྟེན་བཅས་ཏེ།སྔོན་གྱི་མཐའ་ལ་རྟོག་ཅིང་།ཁ་ཅིག་ནི་རྟག་པ་པ་སྟེ།བདག་དང་།
117b3 འཇིག་རྟེན་ཁ་ཅིག་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ནི་དགེ་སློང་དག་འདོད་པའི་ཁམས་ན་ལྷའི་རྩེད་མོས་མྱོས་ཞེས་བྱ་བ་དག་ཡོད་དེ།དེ་དག་གི་ཚེ་ཤིན་ཏུ་རྩེ་དགའ་རངས
117b4 པ་དང་ལྡན་ཞིང་འཁོད་དོ་རྩེ་དགའ་རངས་པ་ལྡན་པའི་སེམས་དེ་དག་གི་ནང་ནས།ལུས་དུབ་ཅིང་དྲན་པ་རྨོངས་ལ་དྲན་པོའི་སེམས་ཅན་གནས་དེ་ནས་ཤི་འཕོས་ནས་འགྱུརརོ།།འདི་ལྟ་སྟེ།
117b5 སེམས་ཅན་འགའ་ཚེ་ཟད་ལ་བསོད་ནམས་ཟད་པ་འགའ་ཞིག་གནས་དེ་ནས་ཤི་འཕོས་ནས།འདིར་མི་རྣམས་དང་སྐལ་བ་མཉམ་པར་འགྱུར་ལ།དབང་པོ་ཡོངསུ་སྨིན་ཅིང་ནར་སོན
117b6 པའི་རྒྱུས་ན།སྐྲ་དང་།ཁ་སྤུ་བྲེགས་ཏེ།གོས་ངུར་སྨྲིག་བགོས་ནས།ཡང་དག་པ་ཉིད་ཀྱི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ།དེ་དགོན་པ་ན་གནས་ཀྱང་རུང་།།
117b7 ཤིང་དྲུང་ན་གནས་ཀྱང་རུང་།ཁང་སྟོང་ན་གནས་ཀྱང་རུང་སྟེ།བརྩོན་པའི་རྒྱུ་ལས་བྱུང་བ་དང་།སྤོང་བའི་རྒྱུ་ལས་འབྱུང་བ་དང་།ལན་མང་དུ་བྱེད་པའི་རྒྱུ་ལས་འབྱུང་བ་དང་།
iiif viewer powered by OpenSeadragon
117a - 118a