| | e-texts navigator
|
117a1 ནམས་ཟད་པ་ཞིག་གནས་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་དང་སྐལ་བ་མཉམ་པར་འགྱུར་ལ།དེ་དབང་པོ་རྣམས་ཡོངསུ་སྨིན་ཅིང་ནར་སོན་པའི་རྒྱུས་ནི།
117a2 སྐྲ་དང་།ཁ་སྤུ་བྲེགས་ཏེ།གོས་ངུར་སྨྲིག་བགོས་ནས་ཡང་དག་པ་ཉིད་ཀྱི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ།དེ་དགོན་པ་ན་གནས་ཀྱང་རུང་།ཤིང་དྲུང་ན་གནས
117a3 ཀྱང་རུང་ཁང་སྟོང་ན་གནས་ཀྱང་རུང་སྟེ།བརྩོན་པའི་རྒྱུ་ལས་འབྱུང་བ་དང་།སྤོབས་པའི་རྒྱུ་ལས་བྱུང་བ་དང་།སྒོམ་པའི་རྒྱུ་ལས་འབྱུང་བ་དང་།ལན་མང་དུ་བྱས
117a4 བའི་རྒྱུ་ལས་འབྱུང་བ་དང་།ཡང་དག་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་དག་གིས་སེམས་ཞི་བའི་ཏིང་ངེ་འཛིན་ལ་རེག་པར་བྱེད་དོ།།དེ་ལྟར་མཉམ་པར་བཞག་པ་དང་།དྲི་འདི
117a5 སྙམ་དུ་སེམས་ཏེ།ཚངས་པ་དེ་ནི་ལྟ་བར་གྱུར་པ་ཉམ་སུ་མྱོང་བའི་ཕྱིར་འདི་སྐད་ཅེས་བྱ་སྟེ།ས་དང་ཆུ་དང་མེ་དང་།རླུང་དེ་ནི་མི་རྟག་པའོ།།མི་བརྟན་པའོ།།ཡིད་བརྟན
117a6 དུ་ཡང་མི་རུང་བའོ།།རྣམ་པར་འགྱུར་བའི་ཆོས་ཅན་ཡིན།།སྙམ་ལ་ཡང་འདི་སྐད་ཅེས་བྱ་སྟེ།སེམས་ཞེས་བྱ་བ་འམ།ཡིད་ཅེས་བྱ་བའམ།རྣམ་པར་ཤེས་པ་ཞེས
117a7 བྱ་བ་དེ་ནི་རྟག་པའོ།།བརྟན་པའོ་ཐེར་ཟུག་པའོ།།རྣམ་པར་འགྱུར་བའི་ཆོས་ཅན་མ་ཡིན་པའི་སྙམ་མོ།།དེ་ལྟར་ཁ་ཅིག་ལ།ཁ་ཅིག་ནི་མི་རྟག་པ་སྟེ།དེ་ལ་རྟེན་ཅིང་ཅི་ལ
iiif viewer powered by OpenSeadragon
116b - 117b