| | e-texts navigator
|
115b1 ཤིང་མི་དགའ་བར་གྱུར་ཏེ།སྐྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་ཞིག་འདིར་སྐྱེས་ཀྱང་ཅི་མ་རུང་ཞེས་སེམས་ཅན་དེའི་སེམས་ཀྱིས་སྨོན་པ་དང་།འོད་གསལ་གྱི་ལྷ
115b2 རིས་ཀྱི་སེམས་ཅན་གཞན་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་པ་ཞིག་ཤི་འཕོས་ནས་ཚངས་པའི་གཞལ་མེད་ཁང་དུ་སེམས་ཅན་དེ་དང་སྐལ་པ་མཉམ་པར་སྐྱེསོ།།དེ་ནས་སེམས
115b3 ཅན་དེ་འདི་སྙམ་དུ་བདག་ཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་ཚེ་རིང་བས་ཡུན་རིང་པོར་གནས་ཏེ།བདག་ཡུན་རིང་པོར་གནས་པ་ལས་འདས་པས་སྲེད་པ་སྐྱེས་ཤིང་མི་དགའ་བར་འགྱུར
115b4 ཏེ།ཀྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་ཞིག་འདིར་སྐྱེས་ཀྱང་ཅི་མ་རུང་ཞེས་བདག་གིས་སེམས་ཀྱིས་དེ་ལྟར་སྨོན་པ་དང་།སེམས་ཅན་འདི་དག་འདིར་བདག
115b5 དང་སྐལ་བ་མཉམ་པར་སྐྱེས་པ་ལས་ན།སེམས་ཅན་དེ་དག་ནི་བདག་གོས་སྤྲུལ་ཏོ།།བདག་སེམས་ཅན་འདི་དག་དང་།དངོས་པོ་རྣམས་ཀྱི་ཕར་གྱུར་པ་སྟེ།དབང་ཕྱུག་གོ།
115b6 བྱེད་པ་པོའོ།།འབྱིན་བྱེད་དོ་སྙམོ།།སེམས་ཅན་དེ་དག་ཀྱང་འདི་སྙམ་དུ་སེམས་ཅན་འདི་དག་ནི་བདག་ཅག་གིས་གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་ཚེ་རིང་བས་ཡུན་རིང་གནས
115b7 པར་མཐོང་ངོ་།།དེ་ཡུན་རིང་པོར་གནས་པ་ལས་འདས་ནས་སྲེད་པ་སྐྱེས་ཤིང་མི་དགའ་བར་གྱུར་ཏེ།ཀྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་ཞིག་འདིར་སྐྱེས་ཀྱང
iiif viewer powered by OpenSeadragon
115a - 116a