| | e-texts navigator
|
114b1 བདག་ཉིད་མྱ་ངན་ལས་འདས་པར་ཡང་རག་ཅིང་དེ་ལྟར་ལྟ་བར་སོང་བ་འདི་དག་གི་འགྲོ་བ་འདི་ལྟ་བུའོ།།སྐྱེ་བ་ནི་འདི་ལྟ་བུའོ།།ཚེ་ཕྱི་མ་ནི་འདི་ལྟ་བུ་ཡིན་ནོ་ཞེས་དེ་དག་དེ་བཞིན་གཤེགས་པས
114b2 ཡང་དག་པོ་ཇི་ལྟ་བ་བཞིན་དུ་མཁྱེན་དེ་དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏེ།།དེ་དག་དེ་བཞིན་གཤེགས་པས་ཡང་དྲུག་པ་ཇི་ལྟ་བ་བཞིན་དུ་མཁྱེན།དེ་ལས་ལྷག་པར
114b3 ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ནས་ཀྱང་མཆོག་ཏུ་མི་འཛིན་ཏོ།།མཆོག་ཏུ་མི་འཛིན་པས།བདག་ཉིད་མྱ་ངན་ལས་འདས་པར་རིག་ནས།ཀུན་འབྱུང་ཚོར་བ་རྣམས་ནུབ་པར་ཐུགས
114b4 སུ་ཆུད་དེ།འདི་ནི་སྡུག་བསྔལ་ལོ།།འདི་ནི་སྡུག་བསྔལ་ངེས་པར་འབྱིན་པའོ་ཞེས་བྱ་བར་མཁྱེན་ཏོ།།།།དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ
114b5 ཡོངསུ་དག་པ།ཡོངསུ་བྱང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག
114b6 པ་ཇི་ལྟ་བ་བཞིན་སྙན་པ་སྨྲ་ཞིང་བརྗོད་པར་བྱེད་དོ།།དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་དག་ཅེས་བྱ་བ་སྔ་མ་བཞིན་ནོ།།དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན
114b7 གྱི་མཐའ་ལ་རྟོག་ཅིང་།ཁ་ཅིག་ནི་རྟག་པ་སྟེ།བདག་དང་འཇིག་རྟེན་ཁ་ཅག་རྟག་གོ་ཞེས་སྨྲ་ཞིངམངོན་པར་བརྗོད་པ་ནི།འདི་ལྟ་སྟེ།བཞི་པོ་འདི་དག་ལའོ།།དགེ་སྦྱོང་དང
iiif viewer powered by OpenSeadragon
114a - 115a