e-texts navigator
Collection
Volume
Page
Wylie

114a1 རྟག་པའི་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་སྟེ།དགེ་སློང་དག་འདི་ན་དགེ་སྦྱོང་དང་བྲམ་ཟེ་ཞེས་བྱ་བ་དག་སྔ་མ་བཞིན་ནོ།།སེམས་མཉམ་པར་བཞག་པ་ན།
114a2 ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་འཆི་བ་དང་སྐྱེ་བ་དང་ཁ་དོག་བཟང་པོ་དང་།ཁོ་དོག་ངན་པ་དང་།དམན་པ་དང་།གྱ་ནོམ་པ་དང་།བདེ་འགྲོ་དང་།
114a3 ངན་འགྲོ་དང་།ངན་འགྲོར་འགྲོ་བ་དག་ལྟ་སྟེ་དེ་ལྟར་ན་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་བྱ་བ་ནས།རྟག་པར་སྨྲ་བ་རྣམས་ཅི་ལ་རྟེན་ཅིང་།ཅི་ལ་གནས་ནས།ཅི་ལ་གནས
114a4 བཅས་ཏེ།སྔོན་གྱི་མཐའ་ལ་རྟོག་ཅིང་དེ་དག་དང་།འཇིག་རྟེན་རྟག་པའོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་འདི་ནི་བཞི་པའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།།དགེ་སློང
114a5 ངག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་རྟག་པར་སྨྲ་བ་རྣམས་སྔོན་གྱི་མཐའ་ལ་རྟོག་ཅིང་།བདག་དང་འཇིག་རྟེན་རྟག་པའི་ཞེས་མངོན་པར་སྨྲ་ཞིང་།མངོན་པར་རྗོད་པ་དེ་ཐམས་ཅད་ནི་གཞི
114a6 བཞི་པོ་འོད་དག་ལ་སྟེ།དེ་ལས་མི་ལྷག་མི་མངལ་དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དང་།འདི་ལྟར་མཆོག་ཏུ་འཛིན་པ་དེ་དག་དེ་བཞིན་གཤེགས་པས་ཡང་དག
114a7 པཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན།དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ།།འདི་ལྟར་རབ་ཏུ་མཁྱེན་པ་ན།མཆོག་ཏུ་མི་འཛིན་ཏོ།།མཆོག་ཏུ་མི་འཛིན་པས




iiif viewer powered by OpenSeadragon

113b - 114b

Texts on this page

N339 - tshangs pa'i dra ba'i mdo