e-texts navigator
Collection
Volume
Page
Wylie

112b1 རྒྱུ་ལས་འབྱུང་བ་དང་།ལན་མང་དུ་བྱེད་པའི་རྒྱུ་ལས་བྱུང་བ་དང་།ཡང་དག་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་དག་གིས།སེམས་ཞི་བའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་རེག་པར་བྱེད་དོ།།ང
112b2 ལྟར་སེམས་མཉམ་པར་བཞག་པ་ནི།།འཇིག་པ་དང་།ཆགས་པའི་བསྐལ་པ་ཕྲག་ཉི་ཤུ་ཡང་དག་པ་རྗེ་སུ་དྲན་ནོ།།དེ་འདི་སྙམ་དུ་སེམས་ཏེ།དེའི་ཕྱིར་བདག་དང་།འཇིག་རྟེན
112b3 རྟག་པ་དེས་ན།བདག་འདི་སྙམ་དུ་བདག་དགོན་པ་ན་གནས་ཀྱང་རུང་།ཤིང་དྲུང་ནི་གནས་ཀྱང་རུང་།ཁང་སྟོང་ན་གནས་ཀྱང་རུང་སྟེ།བརྩོན་པའི་རྒྱུ་ལས་བྱུང་བ་དང་།སྤོང་བའི་རྒྱུ
112b4 ལས་བྱུང་བ་དང་།སྒོམ་པའི་རྒྱུ་ལས་བྱུང་བ་དང་།ལན་མང་དུ་བྱེད་པའི་རྒྱུ་ལས་བྱུང་བ་དང་།ཡང་དག་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་དག་གིས།སེམས་ཞི་བའི་ཏིང་ངེ་འཛིན
112b5 དེ་ལྟ་བུ་ལ་རེག་པར་བྱའོ་སྙམ་མོ།།དེ་ལྟར་སེམས་མཉམ་པར་གཞོག་པ་ན།འཇིག་པ་དང་།ཆགས་པའི་བསྐལ་པ་ཕྲག་ཉི་ཤུ་ཡང་དག་པར་རྗེསུ་དྲན་ནོ།།དེ་ལྟར་བདག་དང་།འཇིག
112b6 རྟེན་རྟག་པ་ནི།མཽ་འགྲོ་བ་མེད།འགྲོ་བ་མེད་པ།བསྒྱུར་དུ་མི་རུང་བ།ཐེར་ཟུག་དུ་གནས་པ།ལྕགས་ཀྱི་སྡོང་པོ་ལྟར་འདུག་པ་སྟེ།དེ་ལྟར་ན་སེམས་ཅན་ཤེས་ལྡན་འདི་དག
112b7 ནི།ཀུན་ཏུ་རྒྱུག་ཅིང་འཁོར་ལ་རྟག་པ་དེ་ལྟ་བུ་དང་མཚུངས་པ་མེད་པའོ།།རྟག་པར་སྨྲ་བ་རྣམས་ཇི་ལ་རྟེན་ཅིང་།ཛི་ལ་གནས་ནས།ཅི་ལ་གནས་བཅས་ཏེ།སྔོན་གྱི




iiif viewer powered by OpenSeadragon

112a - 113a

Texts on this page

N339 - tshangs pa'i dra ba'i mdo