| | e-texts navigator
|
112a1 མངོན་པར་ཤེས་པས།མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ་ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ།གང་ཡང་དག་པ་ཇི་ལྟ་བ
112a2 བཞིན་སྙན་པ་སྨྲ་ཞིང་བརྗོད་པར་བྱེད་དོ།།དགེ་སློང་དག་ཆོས་གང་དག་གཞན་ཟབ་པ།ཟབ་པར་སྣང་བ་ཡོང་སུ་དག་པ།ཡོངསུ་བྱང་བ།དེ་དག་ངས་རང་གི་མངོན་པར་ཤེས་པས
112a3 མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ།ཕ་རོལ་པོས་ཀྱང་།དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇི་བལྟ་བ་བཞིན་སྙན་པར་སྨྲ་ཞིང་།རྗོད་པར་བྱེད་པ་གང
112a4 ཞེ་ན།དགེ་སློང་དག།དགེ་སྦྱོང་དང་།བྲམ་ཟེ་ཁ་ཅིག་རྟག་པར་སྨྲ་བ་རྣམས་སྔོན་གྱི་མཐའ་ལ་རྟོག་ཅིང་།བདག་དང་འཇིག་རྟེན་ནི་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར
112a5 རྗོད་པ་ཡོད་པ་ནི།འདི་ལྟ་སྟེ།བཞི་བཞི་པོ་དག་ལའོ།།དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་རྟོག་པར་སྨྲ་བ་དེ་དག།ཇི་ལ་རྟོན་ཅིང་ཇི་ལ་གནས་ནས།ཇི་ལ་གནས་བཅས་ཏེ།།
112a6 སྔོན་གྱི་མཐའ་ལ་རྟོག་ཅིང་བདག་དང་འཇིག་རྟེན་ནི་རྟག་གོ་ཞེས་མངོན་པར་བརྗོད་པ་ནི།འདི་ལྟ་སྟེ།བཞི་པོ་དག་ལའོ།།དགེ་སློང་དག་འདྲི་ན་དགེ་སྦྱོང་དང་།བྲམ་ཟེ་ཁ་ཅིག
112a7 དགོན་པ་ན་གནས་ཀྱང་རུང་།ཤིང་དྲུང་ན་གནས་ཀྱང་རུང་།ཁང་སྟོང་ན་གནས་ཀྱང་རུང་སྟེ།བརྩོན་པའི་རྒྱུ་ལས་བྱུང་བ་དང་།སྤོང་བའི་རྒྱུ་ལས་བྱུང་བ་དང་།སྒོམ་པའི
iiif viewer powered by OpenSeadragon
111b - 112b