e-texts navigator
Collection
Volume
Page
Wylie

111b1 ས་གཟུགས་རྣམས་ལ་ལྟ་བ་ན་མཚན་མར་འཛིན་པ་མེད་པ་ཡིན་ཏེ།ཡིད་ཀྱི་དབང་པོའི་བར་དུ་ཡང་སྡོམ་པ་བླངས་པ་ཡིན་ནོ།།གོའུ་ཏ་མ་དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང
111b2 དབང་པོའི་སྒོ་བསྡམས་པ་འདི་དང་ལྡན་པ་ཡིན་ལ།འགྲོ་བ་དང་འོང་བ་ལ་ཤེས་པ་མེད་པ་ཡིན་ཏེ།ཡིད་ཀྱི་དབང་པོའི་བར་དུ་ཡང་སྡོམ་པ་བླངས་པ་ཡིན་ནོ།།གོའུ་ཏ་མ་དེ་ནི་འདི་ལྟར
111b3 ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་།དབང་པོའི་སྒོ་བསྡམས་པ་འདི་དང་ལྡན་པ་ཡིན་ལ།འགྲོ་བ་དང་འོང་བ་ལ་ཤེས་བཞིན་དུ་གནས་པ་ཡང་ཡིན་ཞིང་།ལྟ་བ་དང་རྣམ་པར་ལྟ་བ
111b4 ནས་གཉིད་ཀྱིས་དུབ་པ་སེལ་བའི་བར་དུའང་ཤེས་བཞིན་དུ་གནས་པ་ཡིན་ནོ།།གོའུ་ཏ་མ་དེ་ནི་འདི་ལྟར་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་།དབང་པོའི་སྒོ་བསྡམས་པ་འདི
111b5 དང་ལྡན་ལ།དྲན་པ་དང་ཤེས་བཞིན་མཆོག་འདི་དང་ལྡན་པའི་ཕྱིར་མལ་སྟན་བྱེད་དེ།སྡོམ་པ་ལ་གནས་པ་ནས།འདོད་པ་དག་ལས་དབེན་པ།སྡིག་པ་མི་དགེ་བའི
111b6 ཆོས་རྣམས་ལས་དབེན་པ།རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ།དབེན་པ་ལས་སྐྱེད་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ནས་གནས
111b7 ངའི་བར་ཏེ།འདོད་པ་རྣམས་ལས་དབེན་པ་ནི་དེ་ལྟ་བུ་ཡིན་ནོ།།དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཡོངསུ་དག་པ།ཡོངསུ་བྱང་བ།དེ་དག་ངས་རང་གི།




iiif viewer powered by OpenSeadragon

111a - 112a

Texts on this page

N339 - tshangs pa'i dra ba'i mdo