e-texts navigator
Collection
Volume
Page
Wylie

111a1 མཚོ་བར་བྱེད་དེ།འདི་ལྟ་སྟེ།ཉི་མ་དང་ཟླ་བ་གཉིས་ལམ་ནས་རྒྱུ་བའི་རྣམ་པར་སྨིན་པོ་ནི་འདི་ལྟ་བུའོ།།ཉི་མ་དང་ཟླ་བ་གཉིས་ལམ་ལོག་པ་ནས་རྒྱུ་བའི་རྣམ
111a2 པར་སྨིན་པ་ནི་འདི་ལྟ་བུའོ།།གཟའ་ཉི་མ་དང་།གཟའ་ཟླ་བའི་ལམ་དང་།སྐར་མདའ་ལྟུང་བ་ལས་ཕྱོགས་འབར་བ་དང་།བར་སྣང་ལས་ལྷའི་རྔ་སྒྲ་གྲག་པའི་རྣམ་པར་སྨིན་པ་ནི
111a3 འདི་ལྟ་བུའོ།།གཟའ་ཉི་མ་དང་།གཟའ་ཟླ་བའི་ལམ་ལོག་པ་དང་སྐར་མདའ་ལྟུང་བ་ལས་ཕྱོགས་འབར་བ་དང་།བར་སྣང་ལས་ལྷའི་རྔ་སྒྲ་གྲག་པ་དང་།ཡང་ཉི་མ་དང་།ཟླ་བ།
111a4 འདི་གཉིས་འདི་ལྟར་མཐུ་ཆེ་བ།འདི་ལྟར་རྫུ་འཕྲུལ་ཆེ་བའི་རྣམ་པར་སྨིན་པ་ནི་འདི་ལྟ་བུའོ།།འཚོར་བ་དང་།འང་བ་དང་།ཀུན་ནས་ཉོན་མོངས་པ་དང་།རྣམ་པར་བྱང་བ་རྣམ་པར
111a5 གཞག་པ་དག་ཏུ་མི་ཤེས་པ་ནི།འདི་ལྟ་སྟེ།།ལམ་དང་ལོག་པའི་ཕྱིར་རོ།།གོའུ་ཏ་མ་དེ་ནི་རིག་པ་ཡོན་པོ་དག་གིས་ལོག་པར་འཚེ་བས་ལོག་པར་བྱེད་པ་དེ་ལྟ་བུ་དག་སྤངས
111a6 པ་ཡིན་ནོ།།ཇི་ལྟར་ན་འདོད་པ་རྣམས་རབ་ཏུ་དབེན་པ་ཡིན་ཞེ་ན།གོའུ་ཏ་མ་དེ་ནི་འདི་ལྟར་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་ལྡན་ཞིང་།དབང་པོ་རྣམས་ཀྱི་སྒོ་བསྡམས།།
111a7 པ་ལ་གནས་པ།དྲན་པས་ཀུན་ནས་བསྲུངས་པ།རྟག་པར་དྲན་པ་དང་།དྲན་པས་ཡིད་ཀུན་ནས་བསྲུངས་པ།།གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པ།དེ་མིག




iiif viewer powered by OpenSeadragon

110b - 111b

Texts on this page

N339 - tshangs pa'i dra ba'i mdo