| | e-texts navigator
|
110b1 ཡང་དག་པ་ལ་ནི་ཡང་དག་པ་ཉིད་དུ་ཁས་བླང་བར་བྱ་བ་ལ།ཡང་དག་པ་མ་ཡིན་པ་ལ་ནཱི།ཡང་དག་པ་མ་ཡིན་པ་ཉིད་དུ་སྟེ།འདི་ལྟར་དེ་ནི་ཡང་དག་པར་མ་ཡིན་ཞིང་དེ་ཁོ་ན་མ་ཡིན་པས།
110b2 ངེད་ཀྱི་ཆོས་འདི་ལ་ནི་ཡོད་པ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ།།དགེ་སློང་དག་གིས་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་དེ་བཞིན་གཤེགས་པའི་སྙན་པ་ཅུང་ཟད་ཙམ
110b3 འདི་ས་ཞིང་རྗོད་པ་འདི་སྟེ་སྟེ།ཚུལ་ཁྲིམས་ཙམ་དང་འདོད་པ་དག་ལས་རབ་ཏུ་དབེན་པ་ཡིན་ནོ།།ཇི་ལྟར་ན་ཚུལ་ཁྲིམས་ཙམ་ཡིན་ཞེ་ན།གྷོའུ་ཏ་མ་དེ་ནི་འཕེལ་པོའི་ཚུལ་ཁྲིམས
110b4 ཅན་ཡིན་ལ།ཇི་སྐད་སྨྲས་པ་དེ་བཞིན་བྱེད་ཅིང་ཇི་ལྟར་བྱེད་པ་དེ་བཞིན་སྨྲ་བ་ཡིན་ནོ།།གོའུ་ཏ་མ་དེ་ནི་འདི་ལྟར་སྲོག་གཅོད་པ་སྤངས་ནས།སྲོག་གཅོད་པ་ལས་སླར་ལོག་པ་སྟེ།སོ
110b5 ཆགསུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་ཞིང་ངོ་ཚ་ཤེས་པ་དང་།དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་པས་ཐ་ན་སྲོག་ཆགས་གྲོག་སྦུར་ཡན་ཆད་ལ་ཡང་སྲོག
110b6 གཅོད་པ་སྤངས་པ་ཡིན་ནོ།།གོའུ་ཏ་མ་དེ་ནི་འདི་ལྟར་མི་བྱིན་པར་ལེན་པ་སྤངས་ནས།མ་བྱིན་པར་ལེན་པ་ལས་སླར་ལོག་པ་སྟེ།མ་བྱིན་པར་མི་ལོན་ལ།བྱིན་པ་ལ་ནི
110b7 དགའ་བ་ཡིན་ཏེ།དེ་བཞིན་དུ་རྒྱ་ཚར་རོ།།ཇི་ལྟར་འདི་ན་དགེ་སྦྱོང་དང་།བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་ཡོངསུ་སྤྱོད་ཅིང་།རིག་པ་ཡོན་པོ་དག་གིས་ལོག་པར་འཚོ་བས།།
iiif viewer powered by OpenSeadragon
110a - 111a