| | e-texts navigator
|
108b1 དེའི་ཚེ་ཀུན་ཏུ་རྒྱུ་རབ་དགའ།རྣམ་གྲངས་དུ་མའི་སྐྱོ་ནས།སངས་རྒྱས་ལ་མི་སྙན་པ་བརྗོད་ལ།ཆོས་དང་དགེ་འདུན་ལ་ཡང་མི་སྙན་པ་བརྗོད་པ་དང་།ཀུན་ཏུ་རྒྱུ་རབ་དགའི་སློབ་མ་བྲམ་ཟེ་དུ
108b2 ཚངས་བྱིན་ཞེས་བྱ་བ་ནི།རྣམ་གྲངས་དུ་མའི་སྒོ་ནས།སངས་རྒྱས་ལ་སྙན་པ་བརྗོད་ལ།ཆོས་དང་།དགེ་འདུན་ལ་སྙན་པར་བརྗོད་པ་ཞིག་སྟེ།དེ་ལྟར་སློབ་དཔོན་དང་སློབ་མོམ་དེ་གཉིས
108b3 ཕན་ཚུན་ལྟ་བ་དང་།མོས་པ་དང་།བྱེ་བྲག་བྱེད་པ་དང་།བཟོད་པ་དག་གིས་མི་མཐུན་པར་སྨྲ་ཞིང་།དགེ་སློང་གི་དགེ་འདུན་དག་དང་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
108b4 པར་རྫོགས་པའི་སངས་རྒྱས་ཀྱི་ཕྱི་བཞིན་ཞེ་འབྲིང་དུ་དོང་ངོ་།།དེ་ནས་དགེ་སློང་མང་པོའི་གནས་ན་འདུས་ཤིང་འཁོད་པ་རྣམས་ན་རེ།ཚེ་དང་ལྡན་པ་དག་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས
108b5 འདི་ལྟ་སྟེ།ཀུན་ཏུ་རྒྱུ་རབ་དགའ།རྣམ་གྲངས་དུ་མའི་སྒོ་ནས།སངས་རྒྱས་ལ་མི་སྙན་པ་རྗོད་ལ།ཆོས་དང་དགེ་འདུན་ལ་ཡང་མི་སྙན་བརྗོད་པ་དང་།ཀུན་ཏུ་རྒྱུ་རབ་དགའི་སློབ་མ
108b6 བྲམ་ཟེའི་བུ་ཚངས་བྱིན་ཞེས་བྱ་བ་ནི་རྣམ་གྲངས་དུ་མའི་སྒོ་ནས།སངས་རྒྱས་ལ་སྙན་པརྗོད་ལ།ཆོས་དང་དགེ་འདུན་ལ་ཡང་སྙན་པ་རྗོད་པ་ཞིག་སྟེ།དེ་ལྟར་སློབ་དཔོན་དང་།སློབ
108b7 མེ་དེ་གཉིས་ཕན་ཚུན་ལྟ་བ་དང་།མོས་པ་དང་།བྱེ་བྲག་ཕྱེད་པ་དང་།བཟོད་པ་དག་གིས་མི་མཐུན་པར་སྨྲ་ཞིང་དགེ་སློང་གི་དགེ་འདུན་དང་།དེ་བཞིན་གཤེགས་པ་དགྲ་བཅོམ
iiif viewer powered by OpenSeadragon
108a - 109a