e-texts navigator
Collection
Volume
Page
Wylie

105b1 བུ་གཉིས་རྒྱལ་བས་བླངས་ནས།ཕྱག་གིས་བུ་གཉིས་ཀྱི་མགོ་ནས་བྱུགས་ཏེ།འདི་སྐད་ཅེས་སྨྲསོ།།ཁྱེད་རི་ལ་གནས་པ་ན།ཟ་སུ་ནི་ཅི་ཟ།གོ་སུ་ནི་ཅི་གྱོན་ཅེས་དྲིས་ན།བུ་གཉིས་ན་རེ།།
105b2 ཟསུ་ནི་ཤིང་གི་འབྲས་བུ་ཤིང་ཏོག་ཟ།གོ་སུ་ནི་ལྤགས་པ་དང་།སྣམ་བུ་གྱོན་ཏེ།བྱ་མང་པོ་དང་རྩ་དགའ་བས།མྱ་ངན་གྱིས་སེམས་མེད་དོ་ཞེས་གསོལ་ཏོ།།དེ་ནས་རྒྱལ་པོས་བྲམ་ཟེ
105b3 ལས་ཕྱི་རོལ་དུ་སོང་ཤིག་ཅེས་བསྒོ་བ་དང་།བུ་གཉིས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།།བྲམ་ཟེ་འདི་རབ་ཏུ་བཀྲེས་སྐོམ་གྱིས་ཉེན་ན།དེ་ལ་ཁ་ཟས་ཀྱིས་ཚིམ་པར་མཛད་དུ་གསོལ
105b4 ལོ།།རྒྱལ་བས་སྨྲས་པ།ཁྱེད་ལ་མི་དགའ་བ་འམ།ཁོན་དུ་འཛིན་པ་མེད་པར།ཕྱིར་ཁ་ཟས་སྦྱིན་པར་སེམས་བུས་སྨྲས་པ།བདག་གི་ཕ་བྱང་ཆུབ་ཀྱི་ལམ་ལ་དགའ་བས།
105b5 ནོར་རྫས་ཀྱི་སྦྱིན་དུ་མེད་དེ།བདག་གི་ལུས་ཀྱི་སློང་བ་ལ་བྱིན་པ་ཡང་།བདག་ཅག་ལ་དབང་བའི་བདག་པོ་ལགས་ཏེ།འདིས
105b6 བདག་ཅག་ལ་བཀོལ་བའི་ལས་ཙམ་བྱེད་དུ་མ་བཅུག་པ་ཡང་།ཐོག་མ་ཕས་བསམ་པ་ལྟར་མ་གྱུར་ཏེ།དེ་སྙིང་རྗེའི་སེམས་ཙམ་ཡང་མ་མཆིས་ཏེ།ལྟོགས་ཤིང་སྐོམ་པ་བཞིན་དུ
105b7 འདུག་པ་འདི།མིག་གིས་ཀྱང་སུ་ཞིག་གིས་བཟོད།བདག་གིས་པས་ནི་བུ་ཡང་ཕངས་པར་ཕ་རོལ་པོ་ལ་སྦྱིན་པ་བྱེད་ན།རྒྱལ་པོ་ཆེན་པོས་མི་གཅིག་གིས་ཁ་ཟས་ཙམ་ལ་སེར་སྣ




iiif viewer powered by OpenSeadragon

105a - 106a

Texts on this page

N338 - 'phags pa rgyal bu don grub kyi mdo