| | e-texts navigator
|
463b1 བ་དང་ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་རྒྱ་ཆེར་ཤེས་པར་འགྱུར་བ་དང་ཞིག་ནས་འཐོབ་པ་དང་ལྷག་མཐོང་ཐོབ་པ་སྟེ་བཅུ་པོ་དེ་དག་ནི་དགོན་པ་ལ་གནས་པའི་ཕན་ཡོ་ནོ།།བསོད་སྙོམས་ལེན་བཱི།
463b2 ཕན་ཡོན་བཅུ་ཡོད།།བཅུ་གང་ཞེ་ན།དེ་འགྲོ་བ་ལ་གོམས་པར་འགྱུར་བ་དང་དེ་སྤྱོད་ཡུལ་ལ་གོམས་པར་འགྱུར་པ་དང་ང་རྒྱལ་གཅིག་པར་འགྱུར་བ་དང་བདག་རྙེད་པ་ལ་སྦྱོར་བ་དང་གཞན་དག་ཀྱང
463b3 བསོད་ནམས་ལ་རབ་ཏུ་འགོད་པ་དང་།སྟོན་པའི་སྙན་པ་ཡོངསུ་སྟོན་པ་དང་ཕྱི་མའི་སྐྱེ་བོ་ལ་སྣང་བར་བྱས་པར་འགྱུར་བ་དང་ན་དྲབ་མཚུང་བ་སྤྱད་པ་རྣམས་ལ་ཉམ་ངེ་བ་མེད་པར་བྱས་པར་འགྱུར་བ་དང་།
463b4 དམའ་བའི་སེམས་ཉེ་བར་གཞག་པར་འགྱུར་བ་དང་བསོད་སྙོམས་ཀྱིས་ཡོངསུ་དུལ་བའི་དགེ་སྦྱོང་གི་ཕྱོགས་ལ་མུན་པ་མེད་པར་སྣང་བའོ།།འཇིགས་པ་མེད་པའི་ཕན་ཡོན་བཅུ་ཡོད།བཅུ་གང
463b5 ཞེ་ན།འཇིགས་པ་མེད་པར་གྲོང་དུ་འཇུག་པ་དང་འཇིགས་པ་མེད་པར་གྲོང་ནས་འབྱུང་བ་དང་འཇིགས་པ་མེད་པར་ཁྱིམ་རྣམསུ་འགྲོ་བ་དང་འཇིགས་པ་མེད་པར་འཁོར་རྣམས་ལ་ཆོས་སྟོན་པ་དང་།
463b6 འཇིགས་པ་མེད་པར་དགེ་འདུན་གྱི་ནང་དུ་འཇུག་པ་དང་འཇིགས་པ་མེད་པར་སློབ་དཔོན་དང་མཁན་པོའི་དྲུང་དུ་འགྲོ་བ་དང་འཇིགས་པ་མེད་པར་བྱམས་པའི་སེམས་ཀྱིས་སློབ་མའི་བར་དུ་འགྲོ་བ
463b7 དང་འཇིགས་པ་མེད་པར་གོས་དང་ཟས་དང་མལ་ཆ་དང་ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཡོངསུ་སྦྱོང་བ་དང་འཇིགས་པ་མེད་པར་ཁ་ཏོན་འདོན་པ་དང་།འཇིགས་པ་མེད་པར་ཚེ་འཕོ་བཱི་དུས
iiif viewer powered by OpenSeadragon
463a - 464a