| | e-texts navigator
|
463a1 ཡོན་ཏན་དང་ལྡན་པར་འགྱུར་བ་དང་སེམས་ཀྱི་རྒྱུད་མཉེན་པར་འགྱུར་བ་དང་སྐོམ་པར་མི་འགྱུར་བ་དང་སྐོམ་ནའང་ཆུ་འབྱུང་བར་འགྱུར་བ་དང་ཡི་དགས་སུ་སྐྱེ་བར
463a2 མི་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ།བཅུ་པོ་དེ་དག་ནི་བཏུང་བ་བྱིན་པའི་ཕན་ཡོན་ནོ།།རབ་ཏུ
463a3 བྱུང་བའི་ཕན་ཡོན་བཅུ་ཡོད་དེ།བཅུ་གང་ཞེ་ན།དེ་བུ་དང་ཆུང་མོ་དང་ནོར་ལ་སྲེད་པར་མི་འགྱུར་བ་དང་དེ་འདོད་པའི་ཡོངསུ་འཛིན་པར་མི་འགྱུར་བ་དང་དགོན་པར་གནས་པ་ལ་དགའ
463a4 པ་དང་སངས་རྒྱས་ལ་གུས་པར་འགྱུར་བ་དང་བདུད་ཀྱི་སྤྱོད་ཡུལ་རྣམ་པར་སྤོང་བ་དང་བདེ་འགྲོ་ཐོབ་པར་བྱེད་པའི་ཆོས་རྣམས་ཡོངསུ་ཚོལ་བ་དང་ངན་འགྲོ་འཐོབ་པར་བྱེད་པའི་ཆོས་རྣམ།
463a5 སྤོང་བ་དང་ལྷ་དང་མིར་སྨོན་པ་མེད་པ་དང་རྟག་ཏུ་དེ་བཞིན་གཤེགས་པའི་གསུངས་རབ་ལ་རབ་ཏུ་འབྱུང་བར་འགྱུར་བ་དང་མཐོ་རིསུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངསུ་མྱ་ངན་ལས་འདའ།།
463a6 བ་སྟེ་ཆོས་བཅུ་པོ་དེ་དག་ནི་རབ་ཏུ་བྱུང་བའི་ཕན་ཡོན་ནོ།།དགོན་པ་ལ་གནས་པའི་ཕན་ཡོན་བཅུ་ཡོ་དེ།བཅུ་གང་ཞེ་ན།འདུ་འཛི་རྣམ་པར་སྤྱོད་པ་དང་རབ་ཏུ་དབེན་པ་བསྟེན་པ་དང་དེའི་སེམས
463a7 བསམ་གཏན་ལ་དམིགས་པར་འགྱུར་བ་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྨོན་པ་དང་དགར་བ་དང་བདེ་བ་དང་ཡིད་བདེ་བ་ལས་ལ་སྤྱད་པ་དང་དེ་ལ་བར་དུ་གཅོད་པར་མི་འགྱུར
iiif viewer powered by OpenSeadragon
462b - 463b