e-texts navigator
Collection
Volume
Page
Wylie

462b1 རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཞེ་ན་འང་དེའི་སྨོན་པ་དེ་འགྲུབ་པར་འགྱུ་རོ།།ཚངས་པའི་འདུན་ན་འདོན་དང་ཚངས་ཆེན་རྡང་འོད་ཆུང་དང་ཆུད་མེད་འོད་དང་འོད་གསལ་དང་དགེ་ཆུང་དྲང་ཆད
462b2 མེད་དགེ་དང་དགེ་རྒྱས་དང་སྤྲིན་མོད་དང་བསོད་ནམས་སྐྱེས་དང་འབྲས་བུ་ཆེ་བ་དང་མི་ཆེ་བ་དང་མི་གདུང་བ་དང་གྱ་ནོམ་སྣང་དང་ཤིན་ཏུ་མཐོང་དང་འོག་མིན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར
462b3 གྱུར་ཅིག་ཅེ་ནའང་དེའི་སྨོན་པ་དེ་འགྲུབ་པར་འགྱུརརོ།།གལ་ཏེ་འདོད།།ནི་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་ཆུང་ཟད་མེད་པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་ཤེས
462b4 མེད་མིན་གྱི་སྐྱེ་མཆེད་ཀྱི་ལྷ་རྣམས་དང་སྐུལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ནའང་དྲོའི་སྨོན་པ་དེ་འགྲུབ་པར་འགྱུརརོ།།གལ་ཏེ་འདོད།།རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱའོ།།ཞེ་ནའང
462b5 དེའི་སྨོན་པ་དེ་འགྲུབ་པར་འགྱུརརོ།།གལ་ཏེ་འདོད།ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་དང་།དག་བཅོམ་པའི་འབྲས་བུ་དང་རང་བྱང་ཆུབ་མངོན་དུ་བྱའོ་ཞེ་ནའང་དེའི་སྨོན
462b6 པ་དེ་འགྲུབ་པར་འགྱུརརོ།།གལྟ་འདོད་དེ།བླ་ན་མེད་པ་ཡང་དོག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག་ཅེ་ནའང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་ཏེ།མང་པོ་དེ་དག
462b7 ནི་གནས་བྱིན་པའི་ཕན་ཡོན།།བཏུང་བ་བྱིན་པའི་ཕན་ཡོན་བཅུ་ཡོད་དེ།བཅུ་གང་ཞེ་ན།དབང་པོ་ཐམས་ཅད་ཡོངས་སུ་ཚོང་བར་འགྱུར་བ་དང་དཔྲལ་བ་དག་ཅིང་འཛུམ་པའི་བཞིན་དུ་འགྱུར་བ་དང་།།




iiif viewer powered by OpenSeadragon

462a - 463a

Texts on this page

N323 - rnam 'byed chung ba