e-texts navigator
Collection
Volume
Page
Wylie

462a1 འདའ་བ་སྟེ་བཅུ་པོ་དེ་དག་ནི་བཞོན་པ་བྱིན་པའི་ཕན་ཡོན།།གནས་བྱིན་པའི་ཕན་ཡོན་ནི་རབ་ཏུ་མང་སྟེ།མང་པོ་གང་ཞེ་ན།དེ་ལ་འཇིགས་པ་མི་འབྱུང་།།གདིང་བ་དང་བགོ་བ་ཤིན་ཏུ་འཛི།
462a2 པོ་རྙེད་པར་འགྱུརརོ།།ལྷ་དང་མི་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་རྙེད་པར་འགྱུརརོ།།གལ་ཏེ་འདོད་དེ་བདག་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགསུ་སྐྱེ་བར་གྱུར་ཅིག་ཅེའམ་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་རིན།
462a3 སུ་སྐྱེ་བར་གྱུར་ཅིག་ཅེ་འམ་ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགསུ་སྐྱེ་བར་གྱུར་ཅིག་ཅེ་ན།དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ།།གལ་ཏེ་འདོད་དེ་བདག་གྲོང་གི་གཙོ་བོར་གྱུར་ཅིག་ཅེའམ་གྲོང་ཁྱེར་གྱི་གཙོ་བོར་གྱུར།
462a4 ཅིག་ཅེ་འམ་གྲོང་རྡལ་གྱི་གཙོ་བོར་གྱུར་ཅིག་ཅེའམ་རི་བྲགས་ཀྱི་རྒྱལ་པོར་གྱུར་ཅིག་ཅིའམ་རྒྱལ་ཕན་དུ་གྱུར་ཅིག་ཅེའམ་རྒྱལ་པོ་བཙན་པར་གྱུར་ཅིག་ཅེ་ན་དེའི་སྨོན་ལམ་དེ་བཞིན་དུ་འགྲུབ་པར་འགྱུར།།
462a5 གལ་ཏེ་འདོད་གླིང་གཅིག་པའི་རྒྱལ་པོར་གྱུར་ཅིག་ཅེ་འམ་གླིང་གཉིས་ཀྱི་རྒྱལ་པོར་གྱུར་ཅིག་ཅེའམ་གླིང་གསུམ་གྱི་རྒྱལ་པོར་གྱུར་ཅིག་ཅེའམ་འཁོར་ལོ་སྒྱུར་བའི་རྒྱལ་པོར་གྱུར་ཅིག་ཅི་ན་དེའི་སྨིན།།།
462a6 བ་དེ་འགྲུབ་པར་འགྱུར་རོ།།གལ་ཏེ་འདོད།རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ནའང་དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ།།སུམ་ཅུ་རྟགསུཾ་དང་འཐབ་བྲལ་དང་དག།
462a7 ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཅིག་ཅེ་ན་ངང་དེའི་སྨོན་པ་དེ་འགྲུབ་པར་འགྱུརརོ།།གལ་ཏེ་འདོདེ།བདག་ཚངས་རིགས་ཀྱི་ལྷ།།




iiif viewer powered by OpenSeadragon

461b - 462b

Texts on this page

N323 - rnam 'byed chung ba