| | e-texts navigator
|
461b1 ཕན་ཡོན་བཅུ་ཡོད་དེ།བཅུ་གང་ཞེ་ན།འཇིག་རྟེན་གྱི་ཡོན་ཏན་གྱི་སྣོད་ལྟ་བར་འགྱུར་བ་དང་མདོག་སྣུམ་པར་འགྱུར་བ་དང་སེམས་ཀྱི་རྒྱུད་མཉེན་པར་འགྱུར་བ་དང་སྐོམ་པར་མི་འགྱུར་བ་དང་སྐོམ་ནའང་ནུ
461b2 འབྱུང་བར་འགྱུར་བ་དང་ཡི་དགས་སུ་སྐྱེ་བར་མི་འགྱུར་བ་དང་ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིསུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ།།
461b3 བཅུ་པོ་དེ་དག་ནི་སྤྱད་བྱིན་པའི་ཕན་ཡོནོ།།ཁ་ཟས་སྦྱིན་པའི་ཕན་ཡོན་བཅུ་ཡོད་དེ།བཅུ་གང་ཞེ་ན་ཚེ་རིང་བར་འགྱུར་བ་དང་མདོག་བཟང་བར་འགྱུར་བ་དང་སྟོབས་དང་ལྡན་པར་འགྱུར་བ་དང་དྲན་པ་དང་ལྡན་ཞིང
461b4 སྤོབས་པ་དང་ལྡན་པར་འགྱུར་བ་དང་བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་འཁོར་འདུན་པར་འགྱུར་ལྕེ་དང་མི་རྣམས་དགའ་བར་འགྱུར་བ་དང་།ལངས་སྤྱོད་ཆེ་བར་འགྱུར་བ་དང་།མཐོ་རིས
461b5 སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ།བཅུ་པོ་དེ་དག་ནི་ཟས་བྱིན་པའི་ཕན་ཡོན་ནོ།།བཞོན་པ་བྱིན་པའི་ཕན་ཡོན་བཅུ་ཡོད་དེ།བཅུ་གང་ཞེ་ནོ།རྐང་པ་ཤིན་ཏུ་གཞོན་ཤ་ཆགས
461b6 བར་འགྱུར་བ་དང་རྐང་པ་ཤིན་ཏུ་གནས་པར་འགྱུར་བ་དང་རྐང་པས་འཐོ་བ་ན་ལམ་ངལ་བར་མི་འགྱུར་བ་དང་བདེ་བར་འགྱུར་བ་དང་མི་མཛའ་བ་མེད་པར་མི་འགྱུར་བ་དང་རྫུ་འཕྲུལ་གྱི་རྐང་པ་རྒྱ་ཆེན
461b7 འཐོབ་པར་འགྱུར་བ་དང་བཞོན་པ་རྣམས་ཀྱིས་བྲེལ་བར་མི་འགྱུར་བ་དང་རིམ་གྲ་ངན་པ་དང་ལྡན་པ་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས
iiif viewer powered by OpenSeadragon
461a - 462a