e-texts navigator
Collection
Volume
Page
Wylie

461a1 རྒྱནདབོ་བྱུང་དང་ལྡན་པར་འགྱུར་བ་དང་མཐོ་རིས་སུ་སྐྱོ་བར་འགྱུར་བ་དང་།མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ།བཅོ་བརྒྱད་པ་དང་ག་ནོར་བཀུན་གཤེགས་པའོ་མཆོད
461a2 རྟེན་བྱེད་པའི་ཕན་ཡོན་ནོ།ཁྲི་སྟན་བྱིན་པའི་ཕན་ཡོན་བཅུ་ཡོད་དེ།།བཅུ་གང་ཞེ་ན།འཇིག་ཆེན་གྱི་བླ་མའི་གནས་སུ་འགྱུར་བ་དང་བསྔགས་པར་འགྱུར་བ་དང་སྐྱེ་བོ་མང་པོ་ལ་གྲགས་པ
461a3 དང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་མང་པོ་མངོན་དུ་འབྱུང་བར་འགྱུར་བ་དང་བདེ་བ་དང་ཡིད་བདེ་བ་མེད་པར་འགྱུར་བ་དང་བཞོན་པ་དང་ཁྲི་སྟན་དང་རིམ་གྲོ་བྱེད་པོ་དང་ལྡན་པར་འགྱུར་བ་དང་།
461a4 འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་དབང་ཆེ་བར་གྲགས་པར་འགྱུར་བ་དང་མཐོ་རིསུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན
461a5 ལས་འདའ་བ་སྟེ།བཅུ་པོ་དེ་དག་ནི་ཁྲི་སྟན་བྱིན་པའི་ཕན་ཡོན་ནོ།།ལྷམ་སྦྱིན་པའི་ཕན་ཡོན་བཅུ་ཡོད་དེ།བཅུ་གང་ཞེ་ན་དེ་བཞོན་པ་རྣམས་ཀྱིས་བྲེལ་བར་མི་འགྱུར་བ་དང་རྐང་པ་ལེགས་པར་གནས
461a6 པར་འགྱུར་བ་དང་ལམ་དུ་འགྲོན་སྟོབས་དང་ལྡན་པར་འགྱུར་བ་དང་དེའི་ལུས་ངལ་བར་མི་འགྱུར་བ་དང་དེ་འགྲོ་ན་ཚེར་མ་དང་གསེག་མ་དང་གྱ་མོ་རྣམས་ཀྱིས་རྐང་པ་སྣང་པར་མི་འགྱུར་བ་དང་རྫུ་འཕྲུལ་ཐོབ
461a7 པར་འགྱུར་བ་དང་དེ་ལ་རིམ་གྲོ་བྱེད་པ་དང་ལྡན་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ།བཅུ་པོ་དེ་དག་ལྷམ་བྱིན་པའི་ཕན་ཡོན་ཡིན་ནོ།།སྣོད་སྤྱང་བྱིན་པའི




iiif viewer powered by OpenSeadragon

460b - 461b

Texts on this page

N323 - rnam 'byed chung ba