e-texts navigator
Collection
Volume
Page
Wylie

460b1 སྤོས་ཕུལ་བའི་ཕན་ཡོན།།དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་དངུལ་བའི་ཕན་ཡོན་བཅུ་ཡོད།བཅུ་གང་ཞེ་ན།གཟུགས་བཟང་ཞིང་ལྟ་ན་སྡུག་པར་འགྱུར་བ་དང་སྐད་སྙན་པར་འགྱུར་བ
460b2 དང་ཡི་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ་དང་གྲགས་པ་དང་ལྡན་པར་འགྱུར་བ་དང་གཟུང་བའི་ཚིག་ཏུ་འགྱུར་བ་དང་རྟག་ཏུ་དགའ་བར་འགྱུར་བ་དང་བམས་ཅད་དགའ་བའི་སྒྲ་རྒྱ་ཆེན་པོ་འཐོབ་པར
460b3 འགྱུར་བ་དང་ལོང་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིསུ་སྐྱེ་བར་འགྱུར་བ་དང་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་བ་སྟེ།བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ
460b4 བའི་ཕན་ཡིན་ནོ།།དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་བཅོ་བརྒྱད་ཡོད།བཅོ་བརྒྱད་གང་ཞེ་ན།རྒྱ་ཆེན་པོའི་རིགསུ་སྐྱེ་བར་འགྱུར་བ་དང་གཟུགས་བཟང་བར་འགྱུར་བ་དང་མཛེས་ཤིང
460b5 མིག་ཏུ་སྡུག་པར་འགྱུར་བ་དང་དབང་ཆེ་བར་གྲགས་པར་འགྱུར་བ་དང་གཡོག་འཁོར་རྒྱ་ཆེན་པོར་འགྱུར་བ་དང་གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་འཇིག་རྟེན་པ
460b6 རྣམས་འཁོར་ཞིང་འདྲེ་བྱར་འགྱུར་བ་དང་ཀུན་གྱི་རྟེན་དུ་འགྱུར་བ་དང་ཕྱོགས་བཅུར་བརྗོད་པ་ད་སྒྲའི་ཚིག་སུ་བཅད་པ་རྒྱ་ཆེན་པོ་མངོན་དུ་འབྱུང་བར་འགྱུར་བ་དང་ལྷ་དང་མིས་མཆོད་པར་འགྱུར་བ
460b7 དདེང་བྱུག་ཅིང་ནོར་མང་པོ་དང་ལྡན་པར་འགྱུར་བ་དང་འ་ཁོར་ལོས་སྦྱོར་བའི་རྒྱལ་སྲིད་འཐོབ་པར་འགྱུར་བ་དང་ཚེ་རིང་པོར་འགྱུར་བ་དང་ལུས་རྡོ་རྗེ་ལྟར་འདྲེགས་པར་གྱུར་པ་དང་།ལུས་མཚན་དང




iiif viewer powered by OpenSeadragon

460a - 461a

Texts on this page

N323 - rnam 'byed chung ba