e-texts navigator
Collection
Volume
Page
Wylie

460a1 ལས་འདའ་བ་སྟེ།བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན།།དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བའི་ངན་ཡོན་བཅུ་ཡོར།།
460a2 བཅུ་གང་ཞེ་ན།འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་ཤའི་མིག་རྣམ་པར་དག་པོར་འགྱུར་བ་དང་ལྷའི་མིག་འཐོབ་པར་འགྱུར་བ་དང་དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར
460a3 འགྱུར་བ་དང་མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང་ཤེས་རབ་ཀྱི་སྣང་བ་འཐོབ་པར་འགྱུར་བ་དང་དེ་འཁོར་བ་ན་འཁོར་བའི་ཚེ།ནམ་ཡང་མུན་པ་ན་གནས་པར་མི་འགྱུར་བ་དང་ལོངས
460a4 སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིསུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ།བཅུ་པོ་དེ་དག་རི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོནོ།།དེ་བཞིན
460a5 གཤེགས་པའི་མཆོད་རྟེན་ལ་བྱུག་སྤོས་དབུལ་བའི་ཕན་ཡོན་བཅུ་ཡོད།བཅུ་གང་ཞེ་ན།འཇིག་རྟེན་ན་བྱུག་སྤོས་ལྟ་བུར་འགྱུར་བ་དང་སྣའི་དབང་པོ་རྣམ་པར་དག་པར་འགྱུར་བ་དང་།ལུས་ལ
460a6 དྲི་མི་ཞིམ་པ་མེད་པར་འགྱུར་བ་དང་རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་གཟུགས་བཟང་བར་འགྱུར་བ་དང་འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང་ཡིདདུ་འོང་བའོ་ཆོས་རྣམ་ཐོས
460a7 པར་འགྱུར་བ་དང་ལོང་སྤྱོད་ཆེན་པོར་འགྱུར་བ་དང་མཐོ་རིསུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ།ཆོས་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱུག




iiif viewer powered by OpenSeadragon

459b - 460b

Texts on this page

N323 - rnam 'byed chung ba