| | e-texts navigator
|
459b1 ན་དགའ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོང་སུ་སྐྱེ་བར་འགྱུར་བ་དང་ཡོངསུ་མྱ་ངན་ལས་འདའ་བ་སྟེ།བཅུ་གཉིས་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་ཕུལ་བར
459b2 ཕན་ཡོནོ།།དེ་བཞིན་གཤེགས་པའིའོ་མཆོད་རྟེན་ལཱ་མེ་ཏོག་དབུལ་པོའི་ཕན་ཡོན་བཅུ་ཡོད།བཅུ་གང་ཞེ་ན།འཇིག་རྟེན་ནི་མེ་ཏིག་ལྟ་བུར་འགྱུར་བ་དང་དེའི་སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བུང
459b3 ལུས་ལ་དྲི་ང་བ་མེད་པར་འགྱུར་བ་དང་ལུས་ལ་དྲི་ཞིམ་པོ་འབྱུང་བར་འགྱུར་བ་དང་ཕྱོགས་དང་ཕྱོགས་མཆིས་རྣཾ་སུ་དེའི་ཚུལ་ཁྲིམས་ཀྱི་དྲིའི་ངད་ལྡང་བར་འགྱུར་བ་དང་འཇིག་རྟེན་པ་རྣམས་འཁོར་ཞིང
459b4 འདུ་བར་འགྱུར་བ་དང་ཡིད་དུ་འོང་བའི་ཆོས་རྣམས་འཐོབ་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ།ཆོས་བཅུ་པོ
459b5 དེདག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་ནོ།།དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་དབུལ་བའི་ཕན་ཡོན་བཅུ་ཡོད་དེ།།བཅུ་གང་ཞེ་ན།འཇིག་རྟེན
459b6 ན་ཕྲེང་བ་ལྟ་བུར་འགྱུར་བ་དང་ལུས་ཀྱི་དྲི་ང་བ་མེད་པར་འགྱུར་བ་དང་ཕྱོགས་དང་ཕྱོགས་མཚམས་རྣམསུ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་དད་ལྡང་བ་དང་རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་བརྒྱན་པོར
459b7 འགྱུར་བ་དང་གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང་།སྐྱེས་པ་དང་བུད་མེད་རྣམས་ཀྱི་ཡིད་འོང་བར་འགྱུར་བ་དང་ལོང་སྤྱོད་ཆེ་བར་འགྱུར་བ་དང་མཐོ་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངསུ་མྱ་ངན
iiif viewer powered by OpenSeadragon
459a - 460a