| | e-texts navigator
|
459a1 འགྱུར་བ་དང་མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ་།བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་དུལ་བའི་ཕན་ཡིན།།དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱ།།
459a2 ངན་དབུལ་བའི་ཕན་ཡོན་བཅུ་ཡོད།བཅུ་གང་ཞེ་ན།འཇིག་རྟེནན་རྒྱལ་མཚན་ལྟ་བུར་འགྱུར་བ་དང་འཛའ་ཤེས་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་རྣམས་སྟེ་སྟང་བྱེད་བླ་མར་བྱེད་རི་མོར
459a3 བྱད་མཆོད་པར་བྱེད་པ་དང་།ཕྱོགས་དང་ཕྱོགས་མཚམས་རྣམསུ་དེའི་གྲགས་པ་དང་བརྗོད་པ་དང་སྒྲ་དང་ཚིགསུ་བཅད་པ་མངོན་དུ་འབྱུང་བ་དང་གགྲུམ་ཞིང་ལྷན་སྡུག་ལ་མཛེས་པར་འགྱུར་བ
459a4 སྐྱེ་བ་གཞན་རྣམསུ་ཚེ་རིང་ཞིང་རིང་དུ་གནས་པར་འགྱུར་བ་དང་དབང་ཆེ་བར་གྲགས་པར་འགྱུར་བ་དང་རིགས་བཙུན་པར་སྐྱེ་བར་འགྱུར་བ་དང་ལོངས་སྤྱོད་ཆེན་པོར་འགྱུར་བ་དང་མཐར་སུ་སྐྱེ
459a5 བོཔོར་འགྱུར་བ་དང་མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་བ་སྟེ་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་ཕུལ་བའི་ཕན་ཡིན།།དེ་བཞིན་གཤེགས་པའི་མཆོད་རྟེན
459a6 ལན་བཟའ་དབུལ་བའི་ཕན་ཡོན་བས་ཡོད།བཅུ་གཉིས་གང་ཞེ་ན།མཛེས་ཤིང་ལྟ་ན་སྡུག་པར་འགྱུར་བ་དང་པགས་པ་འཇམ་པ་དང་པགས་པ་སྣུམ་པ་དང་པགས་པ་སྲབ་པ་དང་དེའི་ལུས
459a7 ལ་རྡུལ་དང་དྲི་མ་མི་ཆགས་པ་དང་དེའི་གོས་བཟང་པོར་འགྱུར་བ་དང་གདིང་བ་དང་བགོ་བ་ཕྲ་མོ་རྙེད་པར་འགྱུར་བ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་འགྱུ་ཡར་མཐོང
iiif viewer powered by OpenSeadragon
458b - 459b