| | e-texts navigator
|
458b1 བཅུ་གང་ཞེ་ན།གཟུགས་བཟང་བ་དང་ལྟ་ནུ་སྡུག་པ་དང་མཛེས་པ་དང་སྐད་སྙན་པ་དང་དེའི་འདོད་ཆགས་དང་ཞེ་སྡང་དང་གཎྜཱི་མུག་བསྲབས་པར་འགྱུར་བ་དང་ལམ་དུ་འགྲོ་ན་རྩཝ་དང་གྱོ་མོ་དང་གསེབ་མ
458b2 རྣམས་མེད་པར་འགྱུར་བ་དང་བཙུན་པའི་རིག་སུ་སྐྱེ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ།བཅུ་པོ་དེ་དག་ནི་དེ་བཞིན་གཤེག་པཱི
458b3 མཆོད་རྟེན་ལ་ཕྱག་དར་བྱས་པའི་ཕན་ཡོནོ།།དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་དབུལ་བའོ་ཕན་ཡོན་བཅུ་ཡིད་དེ།བཅུ་གང་ཞེ་ན།འཇིག་རྟེན་ན་གདུག་ལྟ་བུར་འགྱུར་བ་རྣམས་མད་གདུངབ
458b4 མེད་པ་འགྱུར་བ་དང་སོས་ལ་གདུང་བ་མེད་པ་འགྱུར་བ་དང་འཇིག་རྟེན་གྱི་རྟེན་དུ་འགྱུར་པ་དང་བདག་པོར་འགྱུར་བའི་ལས་བྱེད་ཅིང་སོག་པ་དང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡང་དག་པར་འཐོབ་པ་དང་དབང་པོ་ཆེ་བར་གྲགས་པར
458b5 འགྱུར་བ་ལོང་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ།བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོནོ།།
458b6 དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་དབུལ་བའི་ཕན་ཡོན་བཅུ་ཡོད།བཅུ་གང་ཞེ་ན།གཟུགས་བཟང་བར་འགྱུར་པ་དང་སྐད་སྙན་པར་འགྱུར་བ་དང་ཡིད་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ་དང་།
458b7 ཀཱ་ལ་པིངྒེའི་སྒྲ་ལྟ་བུ་སྨྲ་བ་དང་ལྡན་པར་འགྱུར་བ་དང་གཟུང་བའི་ཚིག་ཏུ་འགྱུར་བ་དང་རབ་ཏུ་དགའ་བར་འགྱུར་བ་དང་ཀུན་ཏུ་དགའ་བ་རྒྱ་ཆེན་པོའི་སྒྲ་ཐོས་པ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དེང་མཐ་སུ་སྐྱེ
iiif viewer powered by OpenSeadragon
458a - 459a