e-texts navigator
Collection
Volume
Page
Wylie

458a1 སོངས་ན་འགྲོ་སེམས་ཅན་དམྱལ་བ་རྣམས་སྐྱེ་བའོ།།དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱོར་བའི་ཕན་ཡོན་ནི་བཅུ་ཡོད།བཅུ་གང་ཞེམ།རྒྱ་ཆེན་པོའི་ཁྱིམ་དུ
458a2 སྐྱེས་འཐོབ་པ་དང་རྒྱ་ཆེ་བའི་གཟུགས་དང་རྒྱ་ཆེ་བའི་གཡོག་འཁོར་དང་རྒྱ་ཆེ་བའི་མཆོད་པ་དང་བཀུར་སྟི་དང་ནོར་རྒྱ་ཆེ་བ་དང་ཐོས་པ་རྒྱ་ཆེ་བ་དང་དད་པ་རྒྱ་ཆེ་བ་དང་དྲི་བ་རྒྱ་ཆེ་བ་དང་ཤེས་རབ་རྒྱ་ཆེ
458a3 བོ་དང་རྟོགས་པ་རྒྱ་ཆེ་བ་འཐོབ་པ་སྟེ།བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོནོ།།དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་བཅུ
458a4 ཡོད།།བཅུ་གང་ཞེ་ན།གཟུགས་བཟང་ཞིང་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་མཛེས་ཤིང་མིགོ་ཏུ་སྡུག་པར་འགྱུར་བ་དང་སྐད་སྙན་ཅིང་གཟུང་བའི་ཚིག་ཏུ་འགྱུར་བ་དང་བག་ཚ་བ་མེད
458a5 བར་འཁོར་གྱི་ནང་དུ་འགྲོ་བ་དང་ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་གཟོ་བྱིན་ཆེན་པོར་འགྱུར་བ་དང་གཟི་བྱིན་ཆེན་པོའི་གང་ཟག་འདི་ལྟ་སྟེ།སངས་རྒྱས་བཅོམ་ལྡན་འདས་རྣམས་དང
458a6 བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང་ལོང་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིསུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངསུ་མྱ་ངན་ལ
458a7 འོདོའ་བ་སྟེ།བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ནོ།།དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་དར་བྱས་པོའི་ཕན་ཡོན་བཅུ་ཡོད།།




iiif viewer powered by OpenSeadragon

457b - 458b

Texts on this page

N323 - rnam 'byed chung ba