| | e-texts navigator
|
457b1 མི་སྙན་པ་རྙེད་པ་དང་ཤེས་རབ་ཉམས་པར་བྱེད་པ་དང་མཐོབ་པའི་འོད་སྤྱོད་རྣམས་མི་འཐོབ་པ་དང་ལོང་ས་སྤྱོད་ཐོབ་པ་རྣམས་ལས་ཡོངསུ་ཉམས་པར་འགྱུར་བ་དང་གསང་བ་རྣམས་སྨྲ་བ་དང་ལསུ་བྱུ་བ
457b2 རྣམས་ཡོངསུ་ཉམས་པ་དང་མྱ་ངན་གྱི་རྩ་བར་འགྱུར་བ་དང་ཉམ་ཆུང་བར་འགྱུར་བ་དང་མར་མི་འཛིན་པོར་འགྱུར་བ་དང་ཕར་མི་འཛིན་པར་འགྱུར་བ་དང་དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང་བྲོ་ཟེར
457b3 མི་འཛིན་པར་འགྱུར་བ་དང་རིགས་ཀྱི་གཙོ་བོ་ལ་རིམ་གྲོ་མེད་པར་འགྱུར་བ་དང་སངས་རྒྱས་ལ་གུས་པར་མི་འགྱུར་བ་དང་ཆོས་ལ་གུས་པར་མི་འགྱུར་བ་དང་དགེ་འདུན་ལ་གུས་པར་མི་འགྱུར
457b4 བ་དང་སྡིག་པའི་གྲོགས་པོས་ཡོངསུ་ཟིན་པར་འགྱུར་བ་དང་དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྦྱངས་པ་དང་ངོ་ཚ་མེད་པར་འགྱུར་བ་དང་།འཛེམ་པ་མེད་པར་འགྱུར་བ་དང་།དབང་པོའི
457b5 སྐྱོ་མ་བསྡམས་པར་འགྱུར་བ་དང་བུད་མེད་རྣམས་ལ་ཤིན་ཏུ་བག་མེད་པར་འགྱུར་བ་དང་སྐྱེ་བོ་མང་བློའི་ཡིད་དུ་མི་འོང་བར་འགྱུར་བ་དང་སྐྱེ་བོ་མང་པོ་དང་མི་མཐུན་པ་དང་ཉེ་དུ་དང་སྡུག
457b6 གྲི་མཉེན་མཚམས་བཙུན་པ་རྣམས་ཀྱིས་སྨད་པར་འགྱུར་བ་དང་དམ་པའི་ཆོས་མ་ཡིན་པ་ཡོང་སུ་འཛིན་པ་དང་དྲིམ་པའི་ཆོས་ཡོངསུ་སྤོང་བ་དང་མཁས་པ་རྣམས་དེ་ལ་ཡིད་མ་འཇོག་བླ།
457b7 སེམས་པ་དང་བག་བྱ་བ་ལ་གཡེལ་བ་དང་དེ་མྱ་ངན་ལས་འདས་པ་ལས་རིང་དུ་འགྱུར་བ་དང་མྱོས་པར་འགྱུར་བའི་ལས་བྱེད་ཅིང་སོགས་པ་དང་ལུས་ཞིག་ནས་ཚེ་འཕོས་པའི་འོག་ཏུ་ངན
iiif viewer powered by OpenSeadragon
457a - 458a