e-texts navigator
Collection
Volume
Page
Wylie

457a1 མ་བསྐྱངས་པ་དང་དེའི་བུ་དང་ཆུང་མ་དང་ནོར་རྣམས་མ་སྨྲས་ཤིང་མ་བསྲུངས་པ་དང་དོགས་པར་འགྱུར་བ་དང་མཛའ་བཤེས་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས།།
457a2 རྣམས་ཡིད་མི་རྟོན་པ་དང་བྱི་བོ་བྱེད་པ་དང་བཅས་པར་འགྱུར་བའི་ལས་བྱེད་ཅིང་སོག་པ་དང་།ལུས་ཞིག་ནས་ཚེ་འཕོས་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས།།
457a3 སྐྱེ་བར་འགྱུར་བའོ།།བརྫུན་དུ་སྤྲོ་བ་ལ་ཉེས་དམིགས་བཅུ་རིག་པར་བྱ་སྟེ།བཅུ་གང་ཞེ་ན།དེ་ཁ་མནམ་པར་འགྱུར་བ་དང་དེའི་ལུས་ལས་ལྷ་འཕང་བ་དང་མི་མི་ཡིན་པ་རྣམས་ཀྱི་དེ་ལ་གླགས་རྙེད།།།
457a4 པར་འགྱུར་བ་དང་བདེན་པ་སྨྲས་ཀྱང་དེ་ལ་སུའང་ཡིད་ཆེས་པར་མི་འགྱུར་བ་དང་བརྫུན་སྨྲ་བར་འགྱུར་བ་དང་ཡིད་ཆེས་པར་བྱ་བའི་གནས་རྣམསུ་མཁས་པ་རྣམས་དེ་ལ་དྲི་བར་བྱ་བར་མི་སེམ
457a5 པ་དང་དེའི་བདེན་པ་མ་ཡིན་པ་བསགས་པ་དང་བརྗོད་པ་དང་སྒྲ་དང་ཚིགསུ་བཅད་པ་མ་ཡིན་པ་འབྱུང་བ་དང་གཟུང་བའི་ཚིག་ཏུ་མི་འགྱུར་བ་དང་སྐུར་པ་འདེབས་པའི་ལས་བྱེད་ཅིང་སོགས་པ
457a6 དང་།ལུས་ཞིག་ནས་ཚེ་འཕོས་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམསུ་སྐྱེ་བའོ།།འདྲའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་ལ།ཉེས་དམིགས
457a7 སུམ་ཅུ་རྩ་དྲུག་ཏུ་རིག་པར་བྱ་སྟེ།སུམ་ཅུ་རྩ་དྲུག་གང་ཞེ་ན།ཚེ་འདི་ལ་ནོར་ཟད་པ་དང་ནད་ཀྱི་གཞོར་འགྱུར་བ་དང་འཐབ་པ་དང་མཚང་འདྲུ་བ་དང་རྩོད་པ་འཕེལ་བ་དང་སྦ་བའི་གནས་སྟོན་པ་དང




iiif viewer powered by OpenSeadragon

456b - 457b

Texts on this page

N323 - rnam 'byed chung ba