| | e-texts navigator
|
456b1 ཉེས་དམིགས་བཅུ་པོ་འདི་དག་འབྱུང་བར་རིག་པར་བྱ་སྟེ།བཅུ་གང་ཞེ་ན།ངག་མང་བ་དང་མཐོང་ན་ཡི་དུ་མི་འོང་བ་དང་སྡིག་པ་རྣམས་སེམས་པ་དང་དེས་སེམས་ཅན་རྣམས་འཇིག་པར་འགྱུར་བ་དང་མི་བདེ་ཞིང་ཉ
456b2 ཞིང་མི་བདེ་བཞིན་སང་བ་དང་སྡིག་པ་ཅན་གྱི་རྨི་ལོམ་རྨི་བ་དང་རྨུགས་ཏེ་ཚེ་འཕོ་བའི་དུས་བྱེད་པ་དང་འགྱོད་པར་འགྱུར་བ་དང་ཚེ་ཐུང་བར་འགྱུར་བའི་ལས་བྱེད་ཅིང་བསོགས་པ་དང་ལུས་ཞིག་སྟེ་ཚེ་འཕོས་པཱི
456b3 འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམསུ་སྐྱེ་བར་འགྱུར་རོ།།མ་བྱིན་པར་ལེན་པ་ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ།བཅུ་གང་ཞེ་ན།འཁོ་ན་བཅུག་སུ་འགྱུར་བ་དང་དོགས
456b4 པར་འགྱུར་བ་དང་དུས་མ་ཡིན་པར་རྒྱུ་བ་དང་མཚན་མོ་རྒྱུ་བོ་དང་སྡིག་པའི་གྲོགས་པོས་ཡོངསུ་ཟིན་པ་དང་དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤངས་པ་དང་ཚུལ་ཁྲིམས་འཆལ་བར་འགྱུར་བ་དང
456b5 རྒྱལ་པོའི་གནོད་པ་དང་ཆད་པའི་གནོད་པ་འབྱུང་བ་དང་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་བའི་ལས་བྱེད་ཅིང་སོགས་པ་དང་ལུས་ཞིག་ནས་ཚེ་འཕོས་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ
456b6 སེམས་ཅན་དམྱལ་བ་རྣམསུ་སྐྱེ་བར་འགྱུར་བའོ།།འདོད་པ་ལ་ལོག་པར་གཡེམ་པ་ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ།བཅུ་གང་ཞེ་ན།གང་དག་གི་ཆུང་མ་ལ་ཉལ་པོ་བྱེད་པ་དེ་དག་དེ་ལ་གླགས
456b7 ཆོལ་བར་མ་གྱུར་བ་དང་དེ་ཆུང་མོ་དང་རྩོང་བར་འགྱུར་བ་དང་དེ་ལ་མི་དགེ་བའི་ཆོས་འཕེལ་བར་འགྱུར་བ་དང་དེའི་དགེ་བོའི་ཆོས་ཡོངསུ་འགྲིབ་ཅིང་ཡོངསུ་ཟད་པར་འགྱུར་བ་དང་བདག་མ་སྦས་ཤིང
iiif viewer powered by OpenSeadragon
456a - 457a