| | e-texts navigator
|
456a1 རོ།།མ་བྱིན་པར་ལེན་པ་སྤངས་པའི་རྣམ་པར་སྨིན་པས་ནི་སེར་བ་དང་བྱི་བ་དང་སྲིན་དང་མུ་གེ་ལ་སོགས་པ་འབྱུང་བར་མི་འགྱུ་རོ།།འདོད་པ་ལ་ལོག་པར་གཡེམ་པ་སྤང
456a2 པའི་རྣམ་པར་སྨིན་པས་ནི་བི་ཚྭ་དྲང་ས་འབབ་པ་དང་རྡུལ་དང་རླུང་དང་ཆར་གྲགས་པོ་འབབ་པར་མི་འགྱུརརོ།།བརྫུན་དུ་སྨྲ་བ་སྤངས་པའི་རྣམ་པར་སྨིན་པས་ནི་དྲི་མི་ཞིམ་པ་འབྱུང་བར་མི་འགྱུར
456a3 རོ།ཕྲ་མ་སྤངས་པའི་རྣམ་པར་སྨིན་པས་ནི་ངམ་གློག་དང་གཡང་ས་དང་འདེམ་རྫུབ་དང་ངན་སྐྱུགས་ཀྱི་ལྗན་ལྗིན་དང་།དེང་ལ་སོགས་པར་འབྱུང་བར་མི་འགྱུར།།ངག་རྩུབ་པོ་སྤངས་པའི་རྣམ
456a4 པར་སྨིན་པས་ནི་གསེག་མ་དང་གྱོ་མོ་དང་གྱོ་དུམ་གྱིས་རེག་པ་འབྱུང་བར་མི་འགྱུར་རོ།།ཚིག་ཀྱལ་པ་སྤངས་པའི་རྣམ་པར་སྨིན་པས་ནི་རྩ་ཚང་ཚིང་དང་ནགས་ཐིབས་པོ་དང་ཚེར་མ་ཚང་ཚིང་རྣམས
456a5 འབྱུང་བར་མི་འགྱུརརོ།།ཆགས་སེམས་སྤངས་པའི་རྣམ་པར་སྨིན་པས་ནི་ལོ་ཐོག་ལ་སོགས་པ་འབྲས་བུ་དང་ཕ་བཅས་པ་འབྱུང་བར་འགྱུརརོ།།གནོད་སེམས་སྤངས་པའི་རྣམ་པར་སྨིན་པས
456a6 ནི།ལོ་ལེགས་པ་དང་འབྲས་བུ་དང་ས་བོན་མི་ཁུ་བ་དང་མི་ཚ་བི་རྣམས་འབྱུང་བར་གྱུརརོ།།ལོག་པར་ལྟེ་བ་སྤང་བའི་རྣམ་པར་སྨིན་པས་ནི་འབྲས་བུ་མེད་པ་དང་འབྲས་བུ་ཆུང་བ་མ་ཡིན་པའི་ས
456a7 བོན་རྣམས་འབྱུང་བར་འགྱུར་ཏེ།དགེ་བ་བཅུའི་ལས་ཀྱི་ལམ་བཅུ་པོ་འདི་དག་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་གྱི་དངོས་པོ་བཅུ་ཕུན་སུམ་ཚོགས་པར་འགྱུརརོ།།དེ་ལ་སྲོགཅོད་པ་ལ
iiif viewer powered by OpenSeadragon
455b - 456b