| | e-texts navigator
|
455b1 འགྱུ།ཆགས་སེམས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སྐུ་འབྲས་དང་ནུས་དང་གྲོལ་སོགས་པའི་འབྲས་བུ་ཉུང་ཞིང་གླ་མ་དང་སྤུ་བུལ་སྩོགས་པའི་སྐྱོན་མང་བར་འགྱུར།།ལས་དེ་ཉིད་ཀྱི་རྣམ་པར་སྨིན།
455b2 པས།ལོངས་སྤྱོད་གཞན་གྱིས་ཁྱེར་བར་འགྱུརརོ།།གནོད་སེམས་མ་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས།ལོ་གེ་ཏོགྶ་དང་འབྲས་བུ་དང་ས་བོན་ཚ་བ་དང་ཁུ་བོ་འབྱུང་བར་འགྱུརརོ།།ལས་དེ་ཉིད་ཀྱི་རྣམ་པར
455b3 སྨིན་པས།མཐོང་ན་མི་སྡུག་པོར་འགྱུརརོ།།ལོག་པར་ལྟ་བ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས།འབྲས་བུ་མེད་པ་དང་ཆུང་བ་དང་དུག་དང་རྐུ་བ་ལ་སོགས་པ་འབྱུང་བར་འགྱུར་རོ།།ལས་དེ་ཉིད་ཀྱི་རྣམ
455b4 པར་སྨིན་པས།མེད་པར་སྨྲ་བ་དང་ཆད་པར་ལྟ་ཞིང་འཇིག་རྟེན་རྒྱུད་པན་པའི་གཙུག་ལག་ལ་སོགས་པ་ལ་དད་པར་འགྱུརརོ།།མི་དགེ་བའི་ལས་ཀྱི་ལམ་འདི་བཅུ་ཇི་ལྟ་ཇི་ལྟར་བསྒོམས་པ་དེ་ལྟ་དེ
455b5 ལྟར་རིབ་ཏུ་འཕེལ་བར་འགྱུར་ཏེ།དེའི་ཕྱིར་རྣམ་པར་འཇིག་པའི་ཚེ།ཏིལ་ཡོད་ཀྱང་ཏིལ་མར་མི་འབྱུང་བུ་རམ་ཤིང་ཡོད་ཀྱང་བུ་རམ་མི་འབྱུང་།བུ་རམ་ཡོད་ཀྱང་ཧྭགས་དང་ཁར་མི་འབྱུང་ཁ་ཡོད།
455b6 ཀྱང་འོ་མ་མི་འབྱུང་།།འོ་མྱི་ཡོད་ཀྱང་ན་མྱི་འབྱུང་དེ་ལྟར་མི་དགེ་བ་བཅུའི་ལས་ཀྱི་རྣམ་པར་སྨིན་པས།ཕྱི་རོལ་གྱི་དངོས་པོ་རྣམས་རྒུད་པར་འགྱུརརོ།།དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག
455b7 པར་བླངས་པའི་རྒྱུས།ཕྱི་རོལ་གྱི་དངོས་པོ་རྣམས་ཕུན་སུམ་ཚོགས་པར་འགྱུར་ཏེ།བཅུ་གང་ཞེ་ན།སྲོག་གཅོད་པ་སྤངས་པའི་རྣམ་པར་སྨིན་པས་ནི་སའི་མཐུ་དང་གཟི་བྱིན་མེད་པར་མི་འགྱུར
iiif viewer powered by OpenSeadragon
455a - 456a