e-texts navigator
Collection
Volume
Page
Wylie

443a1 གཞན་དག་ཏུ་འང་འདོང་།གླིང་གཞན་དག་ཀྱང་ལྟ་ཞིང་ནོད་ལ་སོགས་པའང་བྱེད་ན།ཁྱོད་ལ་སོགས་པ་བདག་ཅག་ཀྱང་རྒྱ་མཚོ་ལས་རྒྱུས་ཏེ་ནོར་བསེག་པར
443a2 བྱའོ་ཞེས་སྨྲས་པ་དང་།དེས་དེ་ལྟར་བྱའོ་ཞེས་མཉན་ཏེ།རྒོངས་མའི་གན་དུ་སོང་ནས།མ་གསེར་གན་སུ་འགྲོའོ་ཞེས་མ་ལ་དྲིས་པ་དང་།དེའི་མོས་སྨྲས་པ།བུ་ནོར་ལྟ་ཞིག་ཁྱིམ་ན
443a3 དཔག་ཏུ་མེད་པ་ཡོད་ཀྱིས་མ་འགྲོ་ཞིག།ཅེས་སྨྲས་པ་དང་།དེས་མའི་ངག་མཉན་ཏེ།མི་འགྲོ་བར་བྱས་ནས་དེའི་འོག་ཏུ་བཟའ་ཤིང་གི་ར་བར་ཕྱིན་པ་དང་།གྲོགས་པོ་རྣམས་ཀྱིས
443a4 དོན་དེ་ཉིད་ལ་ད་དུང་ཡང་གསོལ་བ་འདེབས་ཞེས་སྨྲས་པ་དང་།དེས་དེ་ལྟར་བྱའོ་ཞེས་ནས་དེ་དག་གི་ངག་མཉན་ཏེ།ཡང་སོང་ནས་མ་ལ་དྲིས་པ་དང་མོས་རྐང་པ་ནས་བཟུང་སྟེ་འདུག་པར
443a5 གྱུར་ནས།དེ་ལྟར་ལན་གསུམ་བྱས་པའི་འོག་ཏུ་བཟའ་ཤིང་གི་ར་བ་དེར་ཕྱིན་པ་དང་།གྲོགས་པོ་རྣམས་ཀྱིས་ངེས་པར་མི་འདོད་དུ་མི་རུང་ངོ་ཞེས་བསྒོ་ནས།དེས་ཡང་མ་ལ་ཡུལ་གཞུ།།
443a6 དུ་འགྲོའོ་ཞེས་ཞུས་པ་དང་།མས་འདོག་པ་ཐམས་ཅད་བསོགས་ནས་རྐང་པ་ཡན་ཅད་ནས་བཟུང་སྟེ་མི་འགྲོ་བར་བྱས་པ་ལས།དུས་གཞན་ཞིག་ན་ཁྱེའུ་དེ་བཟའ་ཤིང་གི་རབ
443a7 དེར་ཕྱིན་པ་དང་གྲོགས་པོ་དག་གིས་སྨྲས་པ།ཁྱོད་ཀྱིས་ཉེས་པས་བདག་ཅག་ཀྱང་ད་དུང་མདོང་སྟེ།དེ་ནི་ཚེས་བཅུ་གསུམ་ལ་འདོང་ངོ་ཞེས་སྨྲས་པ་དང་།དེས་མ་ལ་མ་བྱས་པར




iiif viewer powered by OpenSeadragon

442b - 443b

Texts on this page

N323 - rnam 'byed chung ba