e-texts navigator
Collection
Volume
Page
Wylie

442b1 པ་ལྟ་བུ་སྟེ།ལས་དེ་ལྟ་བུ་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བའོ།།དེ་ལ་ངེས་པར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་གང་ཞེ་ན།དེ་ནི་ལས་བྱས་ནས།
442b2 ཆེ་གེ་མོ་ཞིག་ཏུ་སྐྱེ་བར་ཤོག་ཅོག་ཅེས་ཡོངསུ་བསྔོས་པས་དེར་སྐྱེས་པར་འགྱུར་བ་སྟེ།དཔེར་ན་བཅོམ་ལྡན་འདས་ཀྱིས་ཀར་ཤམ་གྱི་སྐྱེས་པའི་རབས་ལ་སྨོན་ལམ་གྱི་དབོང་བྲིསྟེ
442b3 བར་གསུངས་པ་ལྟ་བུ་སྟེ།ལས་དེ་ལྟ་བུ་ནི་ངེས་པར་སྐྱེ་བར་འགྱུར་བའོ།།དེ་ལ་མོ་ངེས་པར་སྐྱེ་བར་འགྱུར་བཱི་ལས་ཡིད་དེ་གང
442b4 ཞེ་ན།དེ་ནི་ལས་བྱས་ནས་ཚ་གེ་མོ་ཞིག་ཏུ་ཤོག་ཅིག་ཅེས་ཡོངསུ་མི་བསྔོ་བ་སྟེ།ལས་དེ་ལྟ་བུ་ནི་མ་ངེས་པར་སྐྱེ་བར་འགྱུར་བའོ།།དེ་ལ་ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའི་ལས་ཡོད
442b5 ད་དེ་གང་ཞེ་ན།དེ་ནི་ཚེ་འདི་ཉིད་དམ་ཚེ་གཞན་ལ་ཡུལ་གཞན་དུ་བདེ་བ་འམ།མི་བདེ་བ་རྣམ་པར་སྨིན་པ་སྟེ།དཔེར་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དགེ་སློང་དག་སྔོན་འདས་པའི
442b6 དུས་ན་ཛམྦུ་གླིང་གི་མཱིའི་ཚེ་དཔག་ཏུ་མེད།རྒྱལ་པོ་མནངྒ་ལྟར་གྱུར་པའི་ཚེ།གྲོང་ཁྱེར་གཅིག་ཅིག་ན་དེད་དཔོན་གྱི་བུ་བྱམས་པ་མཆོད་སྦྱིན་ཞེས་བྱ་བ་ཞིག་ཡོད་པ་གྲོགས་ལྔ་བརྒྱ་ཙམ་གྱི
442b7 བསྐོར་ཏེ།བཟའ་ཤིང་གི་ར་བར་ཕྱིན་པ་དང་།གྲོགས་པ་དེ་དག་གིས་སྨྲས་པ།གྲོང་འདི་ན་ཁྱོད་ཀྱི་ཕ་ལ་སོགས་པ་ཚོང་པ་རྣམས་རྒྱ་མཚོ་ལས་རྒྱུ་ཞིང་།གསེར་གནས་ལ་སོགས་པ་ཡུལ




iiif viewer powered by OpenSeadragon

442a - 443a

Texts on this page

N323 - rnam 'byed chung ba