e-texts navigator
Collection
Volume
Page
Wylie

442a1 དང་འཐོལ་བ་དང་འདོར་བ་དང་སྤོང་བ་དང་ཕྱིན་ཅད་སྡོམ་པར་བྱེད་པ་སྟེ།འདི་ནི་ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེ་སྟེ།སེམས་ཅན་དམྱལ་བློ
442a2 ཚེ་ཕྱེད་ཟད་པར་བྱས་ནས་ཚེ་འཕོ་ལྔ་འགྱུར་འདི་ལ་ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བའི་ལུས་ཡོད་དེ་གང་ཞེ་ན།དེ་ནི་འདི་ལག
442a3 ཟག་ལ་ལས་སེམས་ཅན་དམྱལ་བའི་ལས་བྱས་ཤིང་བསགས་པར་ན།ལས་དེ་བྱས་པས་ངོ་ཚ་བར་འཛིན་ལ་འགྱོད་ཅིང་སྨོད་པ་དང་འཆགས་ཤིང་མཐོལ་ན་ཕྱིན་ཆད་མི་བྱའོ་ཞེ་སྡོམ
442a4 པར་བྱེད་པས།རྒྱལ་སེམས་ཅན་དམྱལ་བར་སྐྱེས་ནའང་སྐྱེས་མ་ཐག་ཏུ་ཚེ་འཕོ་བར་འགྱུར་བ་སྟེ།དཔེར་ན་རྒྱལ་པོ་མ་སྐྱེས་དགས།མཚམས་མེད་པའི་ལས་ཕ་བསད་པ་དང་དགེ་འདུན
442a5 ཕྱེ་བ་དང་།གླང་པོ་ཆེ་བཀྱེ་བ་དང་།རྡོའི་འཁོར་ལོ་འཕངས་པོ་ལྟ་བུ་སྟེ།ལས་དེས་མནར་མེད་པའི་སེམས་ཅན་དམྱལ་པོར་འགྲོ་བར་ཐོས་ནས།དེ་མི་དགའ་སྟེ།སེམས་མོས་པར་བྱས།
442a6 པ་དང་དགེ་སྦྱོང་གི་འབྲས་བུའི་མདོ་ལས་སྡིག་ཤགས་ཏེ།དགེ་བའི་རྩ་བ་བསགས་པ་དང་ཚེ་འཕོ་ཀར་རུས་པ་ཡན་ཅིད་ཀྱང་སངས་རྒྱསཱ་ལ་སྐྱབསུ་མཆིའོ་ཞེས་གསོལ་བ་ལྟ་བུ་སྟེ།དེ
442a7 སྐད་དུ་ཤིན་ཏུ་མི་བཟེད་ལས་རྣམས་བྱས་པ་ནི།བདག་ལ་སྨད་དང་རབ་ཏུ་བཤགས་པ་དང་།།སྡོམ་པར་བྱེད་པས་དེ་དག་སྲབས་འགྱུར་གྱིས།ཤིན་ཏུ་རྩ་ནས་ཕྱིན་ཅེས་མི་སྐྱེའོ།།ཞེས




iiif viewer powered by OpenSeadragon

441b - 442b

Texts on this page

N323 - rnam 'byed chung ba