| | e-texts navigator
|
441b1 ནས་མི་འཛེམ་པ་དང་མི་ལྡོག་པ་དང་མི་འགྱོད་པ་དང་མི་སྨོད་པ་དང་མི་འཆགས་པ་དང་མི་འཐོལ་བ་དང་མི་འདོར་བ་དང་།མི་སྤོང་བ་དང་ཕྱིན་ཅད་མི་སྡོམ་པར་བྱེད་པ་སྟེ།ལས་དེ་ལྟ་བུ་ནི་བྱས་ཀྱང
441b2 བྱས་ལ་བསགས་ཀྱང་བསགསོ།།དེ་ལ་བྱས་ཀྱང་མ་བྱིས་ལ་བསགས་ཀྱང་བསགས་པའི་ལས་ཡོད་དེ་གང་ཞེ་ན།ལས་གང་ཆེ་དུ་བསམས་པར་བྱས་པ།རྨི་ལམ་ན་བྱས་པ་འམ་བྱེད་བཅུག།
441b3 པ་ལྟ་བུ་སྟེ།ལས་དེ་ལྟ་བུ་ནི་བྱས་ཀྱང་མ་བྱས་ལ་བསགས་ཀྱང་མ་བསགས་པའོ།།ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བར་སྐྱེས་ནས་སེམས་ཅན་དོམྱལ་བའི་ཚེ་ཡོངས
441b4 རྫོགས་པར་ཟད་པར་བྱས་ནས་ཚེ་འཕོ་བར་འགྱུར་བའི་ལས་ཡོད་དེ་གང་ཞེ་ན།འདི་ནི་ལ་ལ་ཞིག་གིས་སེམས་ཅན་དམྱལ་བའི་ལས་བྱས་ཤིང་བསགས་ཀྱང་ལས་དེ་བྱས་པས་ངོ་ཚར
441b5 མི་འཛིན་མི་འགྱོད་མི་སྨོད་པ་དང་མི་འཆགས་མི་འཐོལ་ཞིང་ཕྱིན་ཅད་མི་སྡོམ་ལ་ཕྱིར་ཞིང་དགའ་བ་དང་ཉམས་བདེ་བོ་སྐྱེད་པ་སྟེ།དཔེར་ན་ལྷས་སྦྱིན་དང་དུས་མིན་ལ་སོགས་པ་ལྟ་བུ་སྟེ།།
441b6 ལས་དེ་ལྟ་བུ་དང་ལྡན་ན་གང་ཟག་དེ་སེམས་ཅན་དམྱལ་བའི་ཚེ་ཡོངསསུ་རྫོགས་ནས་ཚེ་འཕོ་བར་འགྱུར་བའོ།།དེ་ལ་ལས་གང་དང་ལྡན་ན་གང་ཟུག་སེམས་ཅན་དམྱལ་བར་སྐྱེས་ནས།སེན
441b7 དམྱལ་བའི་ཕྱིར་ཟདདེ་ཚེ་འཕོ་བ་དང་འགྱུར་བའི་ལས་ཡོད་དེ་གང་ཞེ་ན།དེ་ནི་འདི་ལ་ལ་ལས་སེམས་ཅན་དམལ་བར་འགྱུར་བའི་ལས་བྱས་ནས་འཛེམ་པ་དང་འདོག་པོ་དང་སྨོད་པ་དང་འཆགས་པ
iiif viewer powered by OpenSeadragon
441a - 442a