e-texts navigator
Collection
Volume
Page
Wylie

440b1 གང་ཞེ་ན།དེ་ནི་དགེ་བ་བཅུའི་ལས་ཀྱི་ལམ་གོམས་པར་བྱས་པ་སྟེ་བཅུ་གང་ཞེ་ན།སྲོགཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་སྟེ་ལུས་ཀྱི་ལས་གསུམ་དང་བརྫུན་དུ་སྨྲ
440b2 བ་དང་ཕྲ་མ་དང་ངག་རྔུབ་པ་དང་ཚིག་ཀྱལ་པ་སྟེ་ངགི་ལས་བཞི་དང་།གཞན་གྱི་ནོར་ལ་ཆགསུ་བྱེད་པོ་དང་གནོད་སེམས་དང་ལོག་པར་ལྟ་བ་སྟེ་ཡིད་ཀྱི་ལས་གསུམ་དང་མི་དགེ་བའི་ལས
440b3 བཅུ་པོ་དེ་དག་སྤོང་བ་སྟེ།ལས་དེ་ལྟ་བུ་ནི་མིར་སྐྱེ་བར་འགྱུར་བའོ།།དེ་ལ་འདོད་པའི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན།དེ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡོད།
440b4 སུ་རྫོགས་ཤིང་ལེགས་པར་སྦྱངས་པ་སྟེ།ལས་དེ་ལྟ་བུ་ནི་འདོད་པའི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ།།དེ་ལ་གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཡོད
440b5 དེ་གང་ཞེ་ན།དགེ་བ་བཅུའི་ལོས་ཀྱི་ལམ་རྣམས་ལོགས་པར་སྦྱངས་ཤིང་ཤིན་ཏུ་མཉམ་པར་བཞག་པ་དང་ཁྱད་པར་དུ་ཤིན་ཏུ་འཕགས་པ་དང་ཡོངསསུ་རྫོགས་པར་བྱས་པ་སྟེ།ལས་དེ་ལྟ
440b6 བུ་ནི་གཟུགས་ཀྱི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ།།དེ་ལ་གཟུགས་མེད་པའི་ཁམས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་གང་ཞེ་ན།གཟུག་མེད་པ་སྙོམས་པར་འཇུག
440b7 པ་བཞི་སྟེ།གཟུགས་ཀྱི་འདུ་ཤེས་རྣམས་ལས་རྣམ་པ་ཐམས་ཅད་ཡང་དག་པར་འདས་ཏེ།ཐོགས་པའི་འདུ་ཤེས་རྣམས་མེད་པར་འགྱུར་ཞིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས།




iiif viewer powered by OpenSeadragon

440a - 441a

Texts on this page

N323 - rnam 'byed chung ba