| | e-texts navigator
|
440a1 ཀྱང་།།བྱིས་པ་རྣམས་ལ་འཁོར་བ་རིང་།།ཞེས་གསུངས་པ་ལྟ་བུ་སྟེ།ལས་དེ་ལྟ་བུ་ནི་དུད་འགྲོའི་སྐྱེ་གནསུ་སྐྱེ་བར་འགྱུར་བའོ།།དེ་པ་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུ
440a2 བའི་ལས་ཡོད་དེ་གང་ཞེ་ན།དེ་ནི་ཁྲོ་ཞིང་ཞེ་སྡང་བའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱིས་ངན་དུ་སྤྱད་པ་དང་།འདོད་ཆགས་དང་མི་རིགས་པར་འདོད་པས་ལོག་པར་འཚོ་བ་དང་དཀྲིས་ཤིང
440a3 སྐོམ་པ་དང་ཁྲོས་བཞིན་དུ་ཚེ་འཕོས་པ་དང་ནིར་ལ་མངོན་པར་ཆགས་པའི་སེམས་ཀྱིས་ཚེ་འཕོས་པ་སྟེ།དཔེར་ན་བརྒྱ་བསྡུས་པའི་མདོ་ལས།བཅོམ་ལྡན་འདས་ཀྱིས་ཀུན་དགའ་བ་ལ་བ
440a4 སྤྲུལ་པ།ཀུན་དགའ་བོ་གང་ཟག་ལ་ལ་ཚེ་རབས་སླ་མ་ལ་བྱས་པའི་ལས་ཉེ་བར་གནས་པར་གྱུར་ཏམ།ཚེ་འཕོ་བའི་ཚེ་ལོག་པར་ལྟ་བར་གྱུར་པ་བཅནོ་ཞེས་གསུངས་པ་ལྟ་བུ་སྟེ།།
440a5 ཡས་དེ་ལྟ་བུ་ནི་གཤིན་རྗེའིའཇིག་རྟེན་དུ་སྐྱེ་བར་འགྱུར་བའོ།།དེ་ལ་ལྷ་མ་ཡིན་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་ཡོད་དེ་གང་ཞེ་ན།དེ་ནི་ལུས་དང་ངག་དང་ཡིད་ཀྱིས
440a6 ཉེས་པ་ཆུང་ངུ་སྤྱོད་པ་དང་ང་རྒྱལ་དང་མངོན་པའི་ང་རྒྱལ་དང་ངའོ་ཞེས་པའི་ང་རྒྱལ་དང་ཆུང་བའི་ང་རྒྱལ་དང་ལེགས་པ་སྤྱད་པའི་དགེ་བའི་རྩ་བ་དེར་བསྔོས་པ་དང་ཤེས་རབ་ཀྱི་སྒོ་ནས
440a7 འདོད་ཆགས་ཀུན་གྱི་རབ་ལས་བྱུང་བའི་ཚུལ་ཁྲིམས་ངན་པ་སྤྱད་པ་སྟེ།ལས་དེ་ལྟ་བུ་ནི་ལྷ་མ་ཡིན་གྱི་འཇིག་རྟེན་དུ་སྐྱོ་བར་འགྱུར་བའོ།།དེ་ལ་མིར་སྐྱེ་བར་འགྱུར་བའི་ལས་ཡོད་དེ
iiif viewer powered by OpenSeadragon
439b - 440b