e-texts navigator
Collection
Volume
Page
Wylie

439b1 གྱུར་ཏེ།དགེ་སློང་འདི་ནི་རི་ལས་རིར།ན་མཁའ་ལས་ན་མཁར།སྤྲེའུ་ཤིང་ལས་ཤིང་གི་སྟེང་དུ་འཛེག་པ་དང་འདྲ་བར་འགྲོའོ་ཞེས་མི་སྙན་པའི་ཚིག་ཏུ་བརྗོད་པ་དེ་བཅོམ་ལྡན་འདས་ལ་གསོ
439b2 ཏོ།།བྲམ་ཟེ་ཆར་འབེབས་པ་འདིས་ཁྲོས་པའི་སེམས་ཀྱིས་མི་སྙན་པ་དེ་སྐད་བརྗོད་ན།བཙུན་པ་བཅོམ་ལྡན་འདས་དེའི་རྣམ་པར་སྨིན་པ་ཅིར་འགྱུར་ཞེས་ཞུས་པ་དང་།བཅོམ་ལྡན་འདས་ཀྱི
439b3 བཀའ་སྩལ་པ།ངན་དུ་བརྗོད་པ་དེའི་རྣམ་པར་སྨིན་པས་བྲམ་ཟེ་ཆར་འབེབས་འདི།ཚེ་རབས་ལྔ་བརྒྱའི་བར་དུ་སྤྲེའུར་འགྱུར་རོ་ཞེས་བཀའ་སྩལ་པ་དང་།དེ་མི་དགའ་བའི་སེམས་ཀྱིས་དད་པའི
439b4 སེམས་བསྐྱེད།དེས་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཀར།བཅོམ་ལྡན་འདས་སུག་ལྔས་དེ་གོང་དུ་བས་པར་འགྱུར་ཞེས་ཞུས་པ་དང་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཚེ་རབ
439b5 ལྔ་བརྒྱ་པོ་དེ་དག་གིས་ཟད་པར་འགྱུར་བར་ཟད།ཆུང་ཟད་དུ་ན་ཛམྦུའི་གླིང་གི་ཤིང་ཛམྦུ་ཞེས་བྱ་བ་ཤིང་ཏོག་ལྔ་བརྒྱ་ཙམ་ཡོད་པ།ཤིང་ཏོག་དེ་དག་ཀྱང་སྦྲང་རྩི་ལྟར་མདོར་ཞིང་གཏང
439b6 མི་བྲ་བར་ཞིམ་པ་དང་ལྡན་པ་དེའི་དྲུང་དུ་སྐྱེས་ཏེ།དེ་ནས་རྒྱལ་པོ་ཁྱབ་ཏུ་སྐྱེས་ནས་ཚེ་འཕོས་ཏེ་ཐར་པ་དང་མཐོ་རི་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་དང་།དཔེར་ན་ཞེ་སྡང་གི་སེམས
439b7 ཀྱིས་སེངྒེའི་ནང་དུ་སྐྱེས་ནས་དེའི་དོན་དུ་བཅོམ་ལྡན་འདས་ཀྱིས་ཚིགསུ་བཅད་པ་གསུངས་པ།མི་ལ་ཚེ་བྱེད་ན་ན་མོ་ཡང་རིང་།།ངལ་བ་དག་ལ་དཔག་ཚད་རིང་།།དམ་པའི་ཆོས་ནི་ཤེས་གྱུར




iiif viewer powered by OpenSeadragon

439a - 440a

Texts on this page

N323 - rnam 'byed chung ba