| | e-texts navigator
|
439a1 ཏུ་ཞེ་སྡང་བའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་ཆེར་བྱས་པ་དང་ཆད་པར་ལྟ་བ་དང་རྟག་པར་ལྟ་བ་དང་མེད་པར་ལྟ་བ་དང་སེར་སྣ་ཆེ་བ་དང་དྲིན་དུ་མི་གཿ
439a2 བ་དང་མཚམས་མེད་པའི་ལས་བྱེད་པ་དང་འཕགས་པ་དང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སྐུར་པ་འདེབས་པ་སྟེ།ལས་དེ་ལྟ་བུ་ནི་སེམས་ཅན་དམྱལ་བར་སྐྱེ་བར་དྲི་གྱུར་རོ།།དེ
439a3 ལ་དུད་འགྲོའི་སྐྱེ་གན་སུ་སྐྱེ་བར་འགྱུར་བའི་ལས་ཡོད།དེ་གང་ཞེ་ན།ལུས་དང་ངག་དང་ཡིད་ཀྱིས་ཉེས་པ་འབྲིང་དུ་བྱས་པ་དང་།འདོད་ཆགས་ལས་བྱུང་བའི་ལས་སྣ་ཚོགས་དང་།
439a4 ཞེ་སྡང་ལས་བྱུང་པོའི་ལས་སྣ་ཚོགས་དང་།གཏི་མུག་ལས་བྱུང་བའི་ལས་སྣ་ཚོགས་དང་།ཕ་མ་དང་རབ་ཏུ་བྱུང་བ་རྣམས་ལ་ཚུལ་དང་མི་འདྲ་བའི་སྦྱིན་པ་བྱེད་པ་དང་།དུད་འགྲོའི་སྐྱེ་གནས
439a5 སུ་སྐྱེས་པའི་སེམས་ཅན་རྣམས་ལ་ཕྱས་བྱེད་པ་དང་དེ་ལྟར་སྨྱོན་པ་སྟེ།དཔེར་ན་བ་ལང་གི་བརྟུལ་ཞུགས་ཅན་དང་།བྱའི་བརྟུལ་ཞུགས་ཅན་ལ་སོགས་པ་དེ་ལྟར་སྐྱེ་བར་ཤོག་ཙོག་ཅེས
439a6 སྨོན་པ་རྣམས་དང་།བྱང་ཆུབ་སེམས་དཔའི་ཆེད་དུ་བརྗོད་པ་སེངྒེའི་སྐྱེས་པའི་རབས་ལས་བྱུང་བ་དང་།བྲམ་ཟེ་ཆར་འབྱེབས་སྤྲེའུར་སྐྱེས་པར་གྱུར་པ་སྟེ།དཔེར་ནི་བྲམོ་ཟེ་ཆར་འབེབས་ཀྱི
439a7 གནས་བརྟན་འོད་སྲུང་ཆེན་པོ་བྱ་རྒོད་འཕུངས་པའི་རི་ལེ།རྒྱལ་པོའི་ཁབ་ཀྱི་སྟེང་ནས་ནམ་མཁའ་ལ་འགྲོ་བར་མཐོང་ནས།ལྷས་སྐྱོན་དང་མ་སྐྱེས་དགྲའི་སྟེན་ལས་ཞེ་སྡང་བའི་སེམས
iiif viewer powered by OpenSeadragon
438b - 439b