| | e-texts navigator
|
438b1 ཡོངསུ་སྟོན་ཅིང་ཆོས་སྨྲ་བ་རྣམས་ཀྱིས་ལེགས་པར་རྗོད་པར་ཤེས་ཀྱང་འཇུངས་པའི་སེམས་ཡོད་པས་ལེག་སོ་ཞེས་མི་རྗོད་ཅིང་།དམ་པའི་ཆོས་མ་ཡིན་པ་སྨྲ་བུ་རྣམས་ལ་ལེག་སོ་ཞེས
438b2 རྗོད་ཅིང་ལོག་པར་ལྟ་བའི་བསྔགས་པ་རྗོད་པ་དང་ཡང་དག་པའི་ལྟ་བ་ལ་ཉེས་པར་སྨོད་པ་དང་གླེགས་བམ་འདྲི་བ་དང་ཀློག་པ་ལཾ་ངན་དུ་རྗོད་པ་དང་།དེ་དག་གི་འཚེ་བ་འཕྲོག་པ་སྟེ།ལས།
438b3 དེ་ལྟ་བུ་ནི་ཤེས་རབ་ཆུང་བར་འགྱུར་བའོ།།དེ་ལ་ཤེས་རབ་ཆེ་བར་འགྱུར་བའི་ལས་ཡོད་དེ་གང་ཞེ་ན།དེ་ནི་འདི་ལ་ཡོངསུ་འདྲི་ཕོད་པའི་ངང་ཚུལ་ཅན་ལ་ལ་ཞིག་གི་དགེ་སྦྱོང་དང་བྲི།
438b4 ཟེ་མཁས་པ་ལ་འདྲི་བ་དང་།ཤེས་རབ་འཚལ་བ་ཡོངསུ་སྤོང་བ་དང་།དམ་པའི་ཆོས་སྟོན་ཅིང་གསལ་བར་བྱེད་པ་དང་།དམ་པའི་ཆོས་མཱ་ཡིན་པ་ལ་རྣམ་པར་སྨོད་པ་དང་།ཆོས་སྐྱེ།
438b5 བ་རྣམས་ལ་མི་འཇིགས་པ་ཉེ་བར་སྒྲུབ་པ་དང་།རིགས་པ་ལ་ལེག་སོ་ཞེས་ཟེར་བ་དང་།མི་རིགས་པ་ཡོངསུ་སྤོང་བ་དང་།ཡང་དག་པར་ལྟ་བའི་ལེགས་པ་རྗོད་པ་དང་།ལོག་པར་ལྟ་བའི།
438b6 ལ་ཉེས་པར་དུ་མོད་པ་དང་།གླེགས་བིམ་དང་སྣག་ཚ་དང་མྱུ་གུ་ལ་སོགས་པའི་སྦྱིན་པ་བྱེད་པ་དང་ཆང་མི་འཐུང་བ་སྟེ།དཔེར་ན་དགའ་བོའི་མདོ་ལ་སྭ།ཆང་གི་ཉེས་པ་སུམ་ཅུ་རྩ་ལྔ
438b7 གསུངས་པ་དགེ་བའི་ཕྱོགསུ་སྦྱར་བ་ལྟ་བུ་སྟེ།ལས་དེ་ལྟ་བུ་ནི་ཤེས་རབ་ཆེ་བོར་འགྱུར་བའོ།།དེ་ལ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན།ད་ནི་ཤིན
iiif viewer powered by OpenSeadragon
438a - 439a