e-texts navigator
Collection
Volume
Page
Wylie

437a1 ཡོད་དེ་དེ་གང་ཞེ་ན།དེ་ནི་ཕྲག་དོག་མེད་པ་དང་སེར་སྣ་མེད་པ་དང་གཞན་གྱིས་ཐོས་ན་དགའ་བ་དང་གཞན་གྱིས་མ་ཐོས་ན་མི་དགའ་བ་དང་གཞན་གྱི་གྲགས་པ
437a2 དང་སྒྲ་དང་ཚིགསུ་བཅད་པ་སྙན་པ་ཐོས་ན་དགའ་བ་དང་གཞན་གྱི་ལེགས་པ་རྗེད་པ་ལ་དགའ་བ་དང་།བཅོམ་ལྡན་འདས་ཀྱི་མཆོད་རྟེན་དང་གཙུག་ལག་ཁང་བརྩིག་པ་དང་ཆོས
437a3 ངན་པ་དང་མི་དགེ་བའི་རྩ་བ་ལས་ཟློག་པ་དང་མཐུ་ཆེ་བར་འགྱུར་བའི་དགེ་བའི་རྩ་བ་ལ་སྐུལ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་དགེ་བའི་རྩ་བ་ཐམས་ཅད་ཀྱིས་མཐུ་ཆེན་པོར་སེམ
437a4 བསྐྱེད་པ་སྟེ།ལས་དེ་ལྟ་བུ་ནི་མཐུ་ཆེ་བར་འགྱུར་བའོ།།དེ་ལ་རིགས་དམའ་བར་འགྱུར་བའི་ལས་ཡོད་དེ་གང་ཞེ་ན།དེ་ནི་ཕོ་ཆེ་བ་དང་ང་རྒྱལ་བྱེད་པ་དང་ཕར་མི་འཛིན་པ་དང་མཱར
437a5 མི་འཛིན་པ་དང་དགེ་སྦྱོང་དུ་མི་འཛིན་པ་དང་བྲམ་ཟེར་མི་འཛིན་པ་དང་རིགས་ཀྱི་གཙོ་བོ་ལ་རིམ་གྲོ་མི་བྱེད་པ་དང་ཕ་མ་ལ་རིམ་གློ་མི་བྱེད་པ་དང་འཕགས་པ་དང་ཚུལ་ཁྲིམས་དང་སྤེན་པ
437a6 རྣམས་ལ་རིམ་གྲོ་མི་བྱེད་པ་དང་བླ་མར་གྱུར་པ་གཞན་དང་མཁན་པོ་དང་སློབ་དཔོན་ལ་རིམ་གྲོ་མི་བྱེད་པ་དང་སེམས་ཅན་རིགས་དམའ་བ་རྣམས་ལ་བརྙས་པ་སྟེ།ལས་དེ་ལྟ་བུ
437a7 ནི་རིགས་དམའ་བར་འགྱུར་བའོ།།དེ་ལ་རིགས་མཐོ་བར་འགྱུར་བའི་ལས་ཡོད་དེ་གང་ཞེ་ན།དེ་ནི་ཕོ་ཆུང་བ་དང་ང་རྒྱལ་མེད་པ་དང་ཕར་འཛིན་པ་དང་མར་འཛིན་པ་དང་དགེ་སྦྱོང་དུ




iiif viewer powered by OpenSeadragon

436b - 437b

Texts on this page

N323 - rnam 'byed chung ba