e-texts navigator
Collection
Volume
Page
Wylie

435b1 དམྱལ་བར་སྐྱེ་བའི་རྒྱུར་འགྱུརརོ།།དུད་འགྲོའི་སྐྱོ་གན་སུ་སྐྱོ་བའི་རྒྱུར་འགྱུརརོ།།ཡི་དག་སུ་སྐྱེ་བའི་རྒྱུར་འགྱུར་ཞེས་གསུངས་ཏེ།སྲོག་གཅོད་པ་ནི་ཉུང་ཞིང་ཆུང་ཡང་རྣམ་པར་སྨིན་པ་ཚེ་ཐུང་བར
435b2 འགྱུར་རོ།།དེ་ལ་ཚེ་རིང་བར་འགྱུརརོ།།དེ་ལ་ཚེ་རིང་བར་འགྱུར་བའི་ལས་ཡོད་དེ་དེ་གང་ཞེ་ན།དེ་ནི་སྒྲོག་གཅོད་པ་སྤངས་པ་དང་སྲོག་གཅོད་པ་སྤངས་པའི་ལེགས་པ་རྗོད་པ་དང་དེ་ལ་སྐུལ་བ
435b3 དང་དེའི་ལེགས་པ་རྗོད་པ་དང་གསད་པར་བྱ་བའི་མི་དང་བ་ལང་དང་ཕག་དང་བྱ་ལ་སོགས་པ་སྲོག་འབྱིན་པ་དང་སེམས་ཅན་འཇིགས་པས་ཉེན་པ་རྣམས་ལ་མི་འཇིགས་པ་སྦྱིན་པ་དང་།སེན
435b4 མགོན་མེད་པ་རྣམས་ལ་སྙིང་རྗེའི་སེམས་བསྐྱེད་པ་དང་།ནད་པ་འང་བྱིས་པ་དང་རྒན་པ་རྣམས་ལ་བྱམས་པའི་སེམས་བསྐྱེད་པ་དག་དག་ལ་ཟས་ཀྱི་སྦྱིན་པ་བྱེད་པ་དང་སྐྱོང་བ་ལ་བྱམས་པོའི་སེམས
435b5 བསྐྱེད་པ་དང་དམག་ལ་སོགས་པ་སྔར་སྨོན་པ་ཐམས་ཅད་བཟློག་སྟེ།དགེ་བའི་ཕྱོགས་བྱས་པ་དང་།།དེ་བཞིན་དུ་མཆོད་རྟེན་དང་གཙུག་ལག་ཁང་ཞིག་པོ་དག་བཅོས་ལེགས་བྱས་པ་སྟེ།མདོ
435b6 དེ་ཉིད་ལས།ཞིག་ཅིང་རལ་པ་སུས་བཅོས་པ།དེ་ལ་ཡི་འགྲོག་བདུད་མི་འབྱུང་།ཞེས་གསུངས་པ་ལྟ་བུ་སྟེ།ལས་དེ་ལྟ་བུ་ནི་ཚེ་རང་བར་འགྱུར་བའོ།།དེ་ལ་ནད་མང་བར་འགྱུར་བའི་ལས
435b7 ཡོད་དེ།དེ་གང་ཞེ་ན་དེ་ནི་ཁྲོ་བ་དང་ཁུ་ཚུར་དང་ཐལ་མོས་རྡེག་པ་དང་ཁུ་ཚུར་དང་ཐལ་མོས་རྡེག་པ་ལ་རྗེསུ་དགའ་བ་དང་ཁུར་ཚུར་དང་ཐལ་མོས་རྡེག་པའི་ཡོན་ཏན་རྗོད་པ་དང་དེ་ལ་སྐུལ




iiif viewer powered by OpenSeadragon

435a - 436a

Texts on this page

N323 - rnam 'byed chung ba