e-texts navigator
Collection
Volume
Page
Wylie

435a1 ཞིག་སྟེ་སྨོས་ཀྱིས་སྨྲའོ་ཞེས་ནས།དེས་སྨྲས་པ།ཕྱུགས་པ་པི་ལྟར་སྒྲ་འབྱིན་ཅིང་ཁྲིད་པ་ཕ་བིས་སྟན་ཚོང་བ་ཕྱུག་པོ་ཞིག་ཏུ་རེང་བའི་ཚེ།རྟེན་བཙུགས
435a2 ཏེ་ལོ་དུས་ཀྱི་མཆོད་སྦྱིན་བྱས་ནས།དེས་དེར་ཕྱུགས་མང་པོ་དག་ཀྱང་བསད་ཚ་འཕོ་ཀར་ཡང་བུ་ལ་བོས་ཏེ་སྨྲས་པ།བུ་ཁྱོད་ང་ལ་བྱམས་ཤེ་ན།ཕྱུགས་ཀྱི་མཆོད་སྦྱིན་ལོ་དུས
435a3 སུ་བྱ་བ་འདིར་ཚེ་འཕོས་ནིས་ཀྱང་རྟག་པར་གྱིས་ཤིག་ཅེས་བསྒོ་ནས།བུས་ཀྱང་དེ་ལྟར་བགྱིའོ་ཞེས་ཏེ་དེ་བཞིན་དུ་མཉན་ཏོ།།དེ་ནས་མི་དེ་ཚེ་འཕོས་པ་དང་གཏི་མུགོ་ལས་བྱུང
435a4 པའི་སྲོག་གཅོད་པ་དང་ལྡན་པས་བདག་གི་ཁྱིམ་དུ་ཕྱུགསུ་སྐྱེས་ནས་དེ་དེར་ཡང་དང་ཡང་སྐྱེས་ཤིང་བསད་བསད་པ་ལས་ལན་འདི་དང་དྲུག་སྟེ་ང་ཡང་ཁྲིད་པ་ཡིནོ་ཞེས་ནས།དགེ་སློང་དེས
435a5 ཕྱུགས་ཏེ་ལ་སྙིང་བརྩེ་བས་འདི་སྐད་ཅེས་སྨྲསོ།།རྟེན་ཀྱང་ཁྱོད་བདག་གིས་བཙུགས།མཆོད་སྦྱིན་ཡང་ཁྱོད་བདག་གིས་བྱས།།ཕྱུགས་མང་པོ་འང་ཁྱོད་བདག་གིས་བསད་ན།དེ་དེ་སྐད་དུ
435a6 དོན་མེད་པ་བོས་པས་ཅི་ལ་ཕན་ཞེས་རྗོད་པ་ལྟ་བུ་སྟེ།དེ་ལྟ་བུའི་རྟེན་བཙུགས་པ་དང་དམག་ལྟོ་བུ་མི་དང་རྟ་ལ་སོགས་པ་སེམས་ཅན་མང་པོ་དངོག་པ་ལ་ལྟ་བ་དང་འཐབ་མོའི་ཆ་བྱད་ལ
435a7 དགའ་བ་ལྟ་བུ་སྟེ།ནག་པོ་ཡོད་པའི་མདོ་ལས།བཅོམ་ལྡན་འདས་ཀྱིས་གསུངས་པ།ཀུན་དགའ་བོ་སྲོག་གཅོད་པ་ལ་བསྟེན་ཅིང་གོམས་པར་བྱས་པ་དང་མང་དུ་བྱས་པ་ནི་སེམས་ཆེན




iiif viewer powered by OpenSeadragon

434b - 435b

Texts on this page

N323 - rnam 'byed chung ba