e-texts navigator
Collection
Volume
Page
Wylie

432b1 རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤངསོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེསོ།།ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེསོ།།
432b2 དགེ་སྦྱོང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ལ་འགོག་པ་ཤེས་པའི་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་སུམ་དུ་བྱསོ་ཞེས་ཚུལ་བཞིན་ཡིད་ལོ་བྱེད
432b3 པན་མིག་སྐྱེསོ།།ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེསོ།།དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངེས
432b4 མངོན་པར་ཤེས་པས་བསྒོམ་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེསོ།།ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེསོ།།དགེ་སློང་དག་ང་ཇི་སྲིད་དུ་འཕགས་པའི་བདེན་པ་བཞི་པོ
432b5 འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉི་སུ་བསྐོར་པོའི་མིག་མ་སྐྱེས།ཤེས་པ་མ་ཡིན་རིག་པ་མ་ཡིན་བློ་མ་ཡིན་རྟོགས་པ་མ་སྐྱེས་པ་དེ་སྲིད་དུ།ང་ལྷ་དང་བཅས
432b6 པའི་འཇིག་རྟེན་བདུད་དང་བཅས་ཚངས་པ་དང་བཅས་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་།ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་ངེས་པར་འབྱུང་བ་དང་མི་ལྡན་པ་དང་།རབ
432b7 ཏུ་གྲོལ་བ་དང་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་ཅིང་།དགེ་སློང་དག་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས




iiif viewer powered by OpenSeadragon

432a - 433a

Texts on this page

N322 - chos kyi 'khor lo'i mdo