e-texts navigator
Collection
Volume
Page
Wylie

405a1 ཏུ་རྙེད་དཀའ་སྟེ།།དགའ་བོ་སྟོན་པ་མངོན་གྱུར་པ།།ང་ལ་མི་གཉིས་མ་བྱེད་ཅིག།དགའ་བོ་དཔེར་ན་སྣ་ཆེན་པོ་འདི་ཆུ་གཅིག་པུར་རྒྱ་མཚོར་གྱུར་ལ།།
405a2 དེ་ན་རུ་སྦལ་ཞར་བ་གཅིག་ཀྱང་ཡོད།།དེ་ནས་གཉའ་ཤིང་བུ་གི་ཅིག་པ་གིཅིག་ཀྱང་རྒྱུ་ལ་རུ་སྦལ་ཞར་བ་དེ་འདི་སྐད་དུ།།གཉའ་ཤིང་གི་བུ་ག་དེར་མགྲིན་པ་ཆུད་པར་བྱའོ་སྙམ་དུ་སེམས
405a3 སྐྱེ་ཞི་།གཉའ་ཤིང་བུ་ག་ཅན་དེའང་རླུང་གིས་བསྐྱོད་ནས་ཕྱོགས་ཕྱོགས་སུ་རྒྱུག་པར་བྱེད་པ་ན་དགའ་བོ་བརྒྱ་ལ་རྐྱེན་ཞིག་གྲིས་རུ་སྦལ་ཞར་བ་དེའི་མགྲིན་པ་གཉའ་ཤིང་གི་བུ་ག་དེར
405a4 འཇུག་པར་འགྱུར་གྱི།།དགའ་བོ་མི་ཉིད་ཐོབ་པ་ནི་མ་ཡིན་ནོ།།དེལ་པ་ཕུན་སུམ་ཚོགས་པའང་དེ་བཞིན་ནོ།།དགའ་བོ་ཁྱོད་ཀྱིས་མི་ཉིད་ཤིན་ཏུ་རྙེད་པར་དཀའ་བ་དང་།དེ་བཞིན་དུ་དལ་བ
405a5 ཕུན་སུམ་ཚོགས་པའང་རྙེད་ན།།དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་།།དལ་བ་ཤིན་ཏུ་རྙེད་དཀའ་རྙེད།།དགའ་བོ་སྟོན་པ་མངོན་གྱུར་ན།།ད་ལ་མི་མཉེས་མ་བྱེད་ཅིག།དཔེར་ན་འགའ་ཞིག་གིས
405a6 ཁབ་ཀྱི་མིག་གནམ་དུ་བསྟན་ཏེ་ཡུངས་ཀོར་གྱི་འབྲུ་རྣམས་འཐོར་བར་བྱེད་ན་དགའ་བོ་བརྒྱ་ལ་རྐྱེན་ཞིག་གིས་དེར་ཡུངས་ཀར་གྱི་འབྲུ་གང་ཡིན་པོ་གཅིག་ཆུད་པར་འགྱུར་གྱི།དགའ
405a7 བོ་མི་ཉིད་རྙེད་པ་ནི་མ་ཡིན་ནོ།།དལ་བ་ཕུམ་སུམ་ཚོགས་པའང་དེ་བཞིན་ནོ།།དགའ་བོ་མི་ཉིད་ཤིན་ཏུ་རྙེད་པར་དགའ་བ་དང་།དེ་བཞིན་དུ་དལ་བ་ཕུན་སུམ་ཚོགས་པའང་རྙེད་ན།།




iiif viewer powered by OpenSeadragon

404b - 405b

Texts on this page

N313 - dga' bo rab tu byung ba'i mdo